དགེ་བཤེས་བྱམས་པ་མཐའ་ཡས་ནི་སེ་རའི་བླ་མ་ཕ་བོང་ཁ་པ་སྐུ་ཕྲེང་གཉིས་པའི་དངོས་སློབ་ཡིན། ཆབ་མདོ་བྱམས་པ་གླིང་དགོན་པར་མཚན་ཉིད་བསྡུས་གྲྭ་དང་ནང་པའི་ལྟ་གྲུབ་སོགས་འཆད་ཁྲིད་མཛད། འཕགས་པ་ལྷ་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་གནང་། དེ་བཞིན་ཕྱི་ལོ་༡༩༡༢ ལོར་ཆབ་མདོ་དགོན་པར་གཏོར་བཤིག་ཚབས་ཆེ་ཕོགས་པའི་རྗེས་སུ་ཁོང་གིས་དགོན་པའི་ཕྱག་སྲོལ་དང་བཅའ་ཡིག་སོགས་སླར་གསོ་གསར་བཅོས་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 394, 398, 416, 458-514.