རྗེ་དྲུང་སྔགས་རམས་པ་དགེ་འདུན་བཀྲ་ཤིས་ནི་ཆབ་མདོ་བྱམས་པ་གླིང་དགོན་པའི་མཁན་རབས་བརྒྱད་པ་ཡིན། ཁོང་ཕྱི་ལོ་༡༤༨༦ ལོར་དབུས་གཙང་དུ་འཁྲུངས། ༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་གཙོས་པའི་བླ་མ་སོ་བདུན་ཙམ་བསྟེན་ནས་གསན་བསམ་མཐར་ཕྱིན་པར་མཛད། རྗེས་སུ་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པའི་གསང་སྔགས་ཀྱི་ཡོངས་འཛིན་གནང་།

དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d.Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 85-88, 516-517.