དྲི་མེད་འོད་གསལ་གླིང་པ་ནི་ཀཿཐོག་དགོན་གྱི་ཀློང་གསལ་རྡོ་རྗེ་སྙིང་པོའི་གཏེར་ཆོས་བརྒྱུད་པའི་བླ་མ་གཙོ་ཤོས་དང་གཏེར་སྟོན་གྲགས་ཆེན་ཞིག་ཡིན་ལ། ཁོང་གིས་ཐོག་མར་ཀཿཐོག་བར་ཁྲོད་དང་། ཕྱིས་སུ་རག་ཆབ་སེང་རི་རྡོ་རྗེ་གཡུ་རྫོང་དུ་འཆད་ཉན་སྤེལ་ཅིང་། གཏེར་ཆོས་པོད་དྲུག་གཏེར་ལས་འདོན་པར་མཛད། ཁོང་ཉིད་ནི་ཁོང་དང་མི་རབས་གཅིག་པ་བདུད་འཇོམས་གླིང་པའི་གདུང་སྲས་དྲི་མེད་འོད་ཟེར་དང་མི་འཁྲུལ་བར་བྱའོ།
དཔྱད་གཞིའི་ཡིག་ཆ་ཁག།
'Jam dbyangs rgyal mtshan. 1996.Rgyal ba kaH thog pa’i lo rgyus mdor bsdus.Si khron mi rigs dpe skrun khang, p.143