ཆོས་དཔལ་བཟང་པོ་ནི་འཕགས་པ་ལྷ་སྐུ་ཕྲེང་དང་པོའི་བུ་སློབ་ཡིན་ལ། ས་སྐྱ་དང་དགེ་ལྡན་པའི་ལུགས་གཉིས་ཀར་ཐོས་བསམ་མཛད། ཁོང་གིས་ཧང་རི་སྒྲུབ་སྡེ་དང་བྲག་གསུམ་སྤུ་རི་དགོན་གཉིས་ཕྱག་བཏབ་ཅིང་། སྟག་རྩེ་དགོན་དུ་ཁྲི་པར་བཞུགས་པ་དང་ཀྱེན་ཏ་ཀི་ཚལ་དང་ཙཱ་རི་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་མཛད། ཁོང་ནི་དཀོན་རྡོར་སྐུ་ཕྲེང་རིམ་བྱོན་གྱི་འབྱུང་ཁུངས་ཡིན་ནོ།
དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 361.
ShAkya lha dbang. 2001 (1640). Hang ri bka' bcu ba chos kyi bzang po'i skor. In Zhal snga bka' brgyud kyi thun mong ma yin pa'i chos 'byung. Lhasa: Bod ljongs bod yig dpe rnying dpe skrun khang, volume 1, p. 35.