བློ་བཟང་གྲགས་པ་ནི་དགའ་ལྡན་ཁྲི་ཐོག་བཅུ་གཅིག་པ་ཡིན་ཞིང་། ཕྱི་ལོ་༡༥༠༠ ནས་༡༥༡༡ བར་ཁྲི་པ་མཛད། བོད་དབུས་གཙང་ཁུལ་དུ་མཁན་ཆེན་དཔལ་ལྡན་བློ་གྲོས་དང་། བ་སོ་ཆོས་ཀྱི་རྒྱལ་མཚན་སོགས་བླ་མ་མང་པོའི་དྲུང་དུ་སློབ་གཉེར་གནང་། རྗེས་སུ་ས་ཁུལ་དེ་དག་ཏུ་གཞུང་ལུགས་རྣམས་རྒྱ་ཆེར་འཆད། དགའ་ལྡན་ཁྲི་པ་གནང་བའི་དུས་སུ་ཁོང་ནས་སངས་རྒྱས་འོད་དཔག་མེད་དང་དཔལ་དུས་ཀྱི་འཁོར་ལོའི་སྐུ་བརྙན་གསར་བཞེངས་མཛད།
དཔྱད་གཞིའི་ཡིག་ཆ་ཁག།
Grags pa 'byung gnas. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang, pp. 884-885.
Don rdor and bstan 'dzin chos grags. Gangs ljongs lo rgyus thog gig rags can mi sna, bod ljongs mi dmangs dpe skrun khang, p. 537.
Sde srid sangs rgyas rgya mtsho. 1989 (1698). Dga' ldan chos 'byung baiDU r+ya ser po. Beijing: Krung go bod kyi shes rig dpe skrun khang, pp. 79-80.