རྗེ་དྲུང་ཀུན་དགའ་དཔལ་ལྡན་ནི་གཙང་ཉང་སྟོད་དུ་སྐུ་འཁྲུངས་ཤིང་། དགེ་ལུགས་པའི་གདན་ས་གྲགས་ཅན་ཁག་ནས་ཐོས་བསམ་མཛད། ཁོང་གིས་བདེ་ཆེན་ཆོས་འཁོར་གླིང་གི་གདན་ས་ལོ་ངོ་གཉིས་ལ་བསྐྱངས་པ་དང་། ཆབ་མདོ་བྱམས་པ་གླིང་དུ་གདན་རབས་དྲུག་པའི་འགན་བཞེས་ཏེ་གདན་ས་ལོ་ངོ་ཉེར་གཉིས་ལ་བསྐྱངས་པར་མཛད།་ལྡན་ཆོས་འཁོར་ལ་སྲུང་སྐྱོབ་མཛད་ཆེད་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འཕྲིན་ལས་བཅོལ་ནས་དགྲ་སྡེ་ཚར་བཅད་པས། གྲུབ་ཐོབ་ཀུན་དགའ་དཔལ་ལྡན་ཞེས་སྙན་གྲགས་ཤིན་ཏུ་རྒྱས།
དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 82-84, 516.