The Treasury of Lives

The Zhabdrung Karpo incarnation line, one of the most important incarnation lines in Amdo, was named for Tsoknyi Gyatso, the Third Dalai Lama’s emissary to Mongol royal families. The line was established in the early seventeenth century when Lodro Gyatso was recognized by the Fourth Panchen Lama, Lobzang Chokyi Gyeltsen, as the Second Zhabdrung Karpo. He founded Magur Namgyel Ling, a Geluk monastery, which became the seat of the incarnation line.

 

Timeline

Biographies

ཞབས་དྲུང་དཀར་པོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་འམ་མཚན་གཞན་ལ་མོ་སྐུ་ཕྲེང་དང་པོ་ནི་༸རྒྱལ་བ་སྐུ་ཕྲེང་གསུམ་པའི་སྐུ་ཚབ་ཀྱི་ཚུལ་དུ་ཨ་མདོ་མཚོ་སྔོན་ཁུལ་སྡོད་སོག་པོ་དཔོན་རྒྱུད་རྣམས་དང་འབྲེལ་བ་གནང་། སོག་དཔོན་ཁཱང་རྣམས་ཀྱིས་གནང་བའི་ས་ཁུལ་རྒྱ་ཆེན་པོའི་ཐོག་ཁོང་གིས་སྲིད་དབང་བསྐྱངས། རིམ་གྱིས་ཞབས་དྲུང་དཀར་པོ་སྐུ་རབས་རིམ་བྱོན་རྣམས་ཨ་མདོ་ཁུལ་གྱི་བླ་མ་གཙོ་ཆེ་ཤོས་ཤིག་ཏུ་གྱུར། 

བློ་གྲོས་རྒྱ་མཚོ་ནི་ཨ་མདོ་ཁུལ་གྱི་རི་བོ་དགེ་ལུགས་པའི་བླ་མ་ཞབས་དྲུང་དཀར་པོ་སྐུ་ཕྲེང་རིམ་བྱོན་ནང་གི་སྐུ་རབས་གསུམ་པ་དེ་ཡིན། ཁོང་གིས་ཨ་མདོ་གཅན་ཚར་རྨ་མགུར་རྣམ་རྒྱལ་གླིང་ཕྱག་བཏབ།

ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནི་ཨ་མདོ་ཁུལ་གྱི་རི་བོ་དགེ་ལུགས་པའི་བླ་མ་ཞབས་དྲུང་དཀར་པོ་སྐུ་ཕྲེང་རིམ་བྱོན་ནང་གི་སྐུ་རབས་གསུམ་པ་དེ་ཡིན། ཁོང་གིས་ལ་མོ་བདེ་ཆེན་དགོན་ཕྱག་བཏབ་ཅིང་། དགོན་པ་འདི་ཉིད་ཞབས་དྲུང་དཀར་པོ་སྐུ་རབས་རིམ་བྱོན་རྣམས་ཀྱི་གདན་སར་གྱུར།

བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་ནི་ཨ་མདོ་ཁུལ་གྱི་རི་བོ་དགེ་ལུགས་པའི་བླ་མ་ཞབས་དྲུང་དཀར་པོ་སྐུ་ཕྲེང་རིམ་བྱོན་ནང་གི་སྐུ་རབས་བཞི་པ་དེ་ཡིན། སྐུ་རབས་གོང་མ་ལྟར་ཨ་མདོ་ཡུལ་གྱི་ས་ཁུལ་ཁྱབ་ཆེན་པོར་ཆབ་སྲིད་ཀྱི་འགན་དབང་བཞེས།

ཞབས་དྲུང་སྐུ་ཕྲེང་ལྔ་པ་མཁས་བཙུན་རྒྱ་མཚོ་ནི་༸པཎ་ཆེན་སྐུ་ཕྲེང་བདུན་པའི་སློབ་མ་ཡིན། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཆ་ཙམ་ལས་ཤེས་པར་དཀའ།

ངག་དབང་མཆོག་སྒྲུབ་བསྟན་པའི་རྒྱལ་མཚན་ནི་ཨ་མདོ་ཁུལ་གྱི་རི་བོ་དགེ་ལུགས་པའི་བླ་མ་ཞབས་དྲུང་དཀར་པོ་སྐུ་ཕྲེང་རིམ་བྱོན་ནང་གི་སྐུ་རབས་དྲུག་པ་དེ་ཡིན། འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་བླ་མར་བསྟེན་ནས་གསན་བསམ་ཚུལ་བཞིན་མཛད།

ཞབས་དྲུང་དཀར་པོ་སྐུ་ཕྲེང་བདུན་པ་དགེ་འདུན་བསྟན་འཛིན་ནོར་བུ་ནི་དུས་རབས་ཉི་ཤུ་པའི་ནང་གི་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་ཨ་མདོའི་བླ་མ་ཞིག་ཡིན། ས་གནས་སྲིད་དབང་འཛིན་སྐྱོང་གི་ཐུགས་འགན་བཞེས་ཤིང་། ཁོང་ནས་རྒྱ་ནག་མན་ཆིང་སྲིད་གཞུང་ཉམས་རྒུད་དང་མི་དམངས་སྲིད་གཞུང་གསར་འཛུགས་ཀྱི་རྒྱུ་རིམ་རྣམས་དངོས་སུ་གཟིགས་ཡོད།