The Treasury of Lives

The Zamtsa Serti incarnation line was initiated when the Second Zamtsa Sertri, Lobzang Jigme Namkha was identified as the reincarnation of Fifty-fifth Ganden Tripa, Trichen Ngawang Namkha Zangpo in the eighteenth century. The seat of this tulku line is at Labrang Tashikyil, an important Geluk monastery in Amdo.

Timeline

Biographies

ངག་དབང་ནམ་མཁའ་བཟང་པོ་ནི་དགའ་ལྡན་ཁྲི་ཐོག་ང་ལྔ་པ་ཡིན། ཕྱི་ལོ་༡༧༤༦ ལོར་ཁྲི་ལ་བཞུགས། སྐབས་དེར་བོད་ཀྱི་རྒྱལ་པོ་ཕོ་ལ་ནས་སྐུ་འདས་ནས་རིང་པོ་མ་ལོན་པ་ཁོང་གི་སྲས་ཞིག་གིས་དྲག་པོ་མངོན་སྤྱོད་ཀྱི་ལས་མཛད་དགོས་ཞུས་པར་མ་གསན་པའི་རྐྱེན་གྱིས་ཕྱི་ལོ་༡༧༥༠ ལོར་ཁྲི་པའི་གོ་གནས་ནས་ཕབ། དེ་སྔ་འབྲས་སྤུངས་སྒོ་མང་དང་རྒྱུད་སྟོད་གྲྭ་ཚང་དུ་སློབ་གཉེར་གནང་ནས་དེར་མཁན་པོ་མཛད། དེ་ནས་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཏེ་རིམ་གྱིས་དགའ་ལྡན་གྱི་གསེར་ཁྲིར་མངའ་གསོལ། ཁོང་གི་ཡང་སྲིད་རིམ་བྱོན་ལ་ཡོངས་གྲགས་ཟམ་ཚ་གསེར་ཁྲི་སྤྲུལ་སྐུ་ཞེས་ཞུ་བ་ཡིན།

བློ་བཟང་འཇིགས་མེད་ནམ་མཁའ་ནི་དགའ་ལྡན་ཁྲི་པ་ལྔ་བཅུ་ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ་ནས་བརྒྱུད་པའི་ཟམ་ཚ་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཕྲེང་གཉིས་པ་ཡིན་ལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ལས་ཐོས་བསམ་མཛད་ཅིང་།  དེ་རུ་རྒྱལ་བ་སེངྒེ་ང་རོ་ཡི་ལྷ་ཁང་བཞེངས། ཁོང་གིས་རྨོག་རུར་དགའ་ལྡན་བྱམས་པ་གླིང་དང་ཚ་གན་བེ་ཤིང་དུ་བེ་ཤིང་དགོན་ཕྱག་འདེབས་མཛད་ཅིང་། བེ་ཤིང་དགོན་དུ་ལོ་ངོ་བརྒྱད་ལ་ཁྲི་པའི་འགན་བཞེས། གཞན་ཡང་རྔ་བ་སྒོ་མང་དགོན་དང་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུའང་ཁྲི་པ་མཛད། ཕྱིས་སུ་པེ་ཅིང་དུ་ཕེབས་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བས་གོང་མ་ཐུགས་སྤྲོ་ནས་ཁོང་ལ་ཧུ་ཐོག་ཐུ་ཞེས་པའི་མཚན་དང་འཇའ་ས་བསྩལ།

བློ་བཟང་འཕྲིན་ལས་རྒྱ་མཚོ་ནི་ཟམ་ཚ་གསེར་ཁྲི་སྐུ་ཕྲེང་གསུམ་པ་ཡིན་ལ། སོག་རིགས་ཀྱི་ཁྱིམ་ཞིག་ཏུ་སྐུ་འཁྲུངས་མོད། དགུང་གྲངས་བཅུ་གཅིག་ཡས་མས་སུ་སྐུ་གཤེགས།

ཟམ་ཚ་གསེར་ཁྲི་སྐུ་ཕྲེང་བཞི་པ་འཇིགས་མེད་བསམ་གྲུབ་རྒྱ་མཚོ་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པའི་སློབ་མ་ཡིན། ཁོང་ནས་ཨ་མདོ་བླ་བྲང་དགོན་གྱི་གདན་རབས་ང་གསུམ་པའི་མཛད་འགན་བཞེས།

སྐལ་བཟང་འཇིགས་མེད་ནམ་མཁའ་ནི་དགའ་ལྡན་ཁྲི་པ་ལྔ་བཅུ་ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ་ནས་བརྒྱུད་པའི་ཟམ་ཚ་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཕྲེང་ལྔ་པ་ཡིན་ལ། ཁོང་གིས་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བཤེས་འདན་ཕྲུག་ཚང་བསྟེན་ནས་ཐོས་བསམ་མཛད་ཅིང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ལས་ཀྱང་དབང་ལུང་མན་ངག་ཅི་རིགས་བསམ། ཡིན་ཡང་དགུང་གྲགས་ཉེར་ལྔའི་སྟེང་དགོངས་པ་གཤེགས།

སྐལ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོ་ནི་དགའ་ལྡན་ཁྲི་པ་ལྔ་བཅུ་ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ་ནས་བརྒྱུད་པའི་ཟམ་ཚ་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཕྲེང་དྲུག་ཡིན་ལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་མཛད་ཅིང་། ཕྱིས་སུ་ལྷ་སར་མཆོད་མཇལ་དུ་ཕྱིན་ནས་ཕྱིར་ལོག་སྐབས་འདམ་གཞོང་དུ་སྐུ་འདས།