The Treasury of Lives

The Tseten Zhabdrung incarnation line is based in Amdo. Since the late seventeenth century, the Tseten Zhabdrung incarnations shared the throne of the Six Garwaka monasteries with the lineage of Tseten Abbots, while Tseten Zhabdrung also had his own monastic seat at Tak Monastery. The mother monastery of the Six Garwaka monasteries is a Geluk monastery known as Tseten. The Sixth Tseten Zhabdrung, Jigme Rigpai Lodro was one of the great Tibetan polymaths of the twentieth century, writing extensively on Tibetan history, language, astronomy and Buddhism.

Timeline

Biographies

འཇིགས་མེད་རིག་པའི་བློ་གྲོས་ནི་དུས་རབས་ཉི་ཤུ་པའི་བོད་ཀྱི་མཁས་དབང་ཆེན་པོ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་དང་སྐད་ཡིག སྐར་རྩིས། ནང་བསྟན་སྐོར་གྱི་གསུང་རྩོམ་མང་པོ་མཛད་ཡོད་པ་རེད། དུས་སྐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་དང་ཁོང་གིས་བོད་ཀྱི་ཤེས་རིག་ལ་བཞག་པའི་མཛད་རྗེ་ལ་གཞུགས་ན། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་བར་རིག་གནས་རྒྱུན་མཐུད་མཛད་མཁན་ལྟ་བུར་ཆགས་ཡོད། རིག་གནས་གསར་བརྗེའི་རྗེས་ཀྱི་མཁས་པ་མི་གསུམ་གྱི་ཡ་གྱལ་དུ་བགྲངས་བས་སྙན་གྲགས་ཆེ། བཤད་ཚུལ་འདི་ནི་དུས་རབས་བཅུ་པར་དབུས་སུ་གླང་དར་མས་བསྟན་པ་བསྣུར་སྐབས། བོད་ཀྱི་མཁས་པ་མི་གསུམ་གྱིས་སངས་རྒྱས་ཀྱི་ཆོས་བསྣམས་ཏེ་བོད་ཀྱི་ཤར་མཐའ་རུ་བྲོས་ཡོང་བའི་ལོ་རྒྱུས་དེ་ལ་སྦྱར་བ་ཡིན། དེ་བས་མཚན་འདི་ལས་ཨ་ལགས་ཚེ་ཏན་ཞབས་དྲུང་དང་། དུང་དཀར་བློ་བཟང་འཕྲིན་ལས། དམུ་དགེ་བསམ་གཏན་གསུམ་གྱིས་ལོ་ངོ་ཉི་ཤུའི་ལོ་རྒྱུས་ཀྱི་གོ་ཆག་རྗེས་སུ། བོད་ཀྱི་དགོན་སྡེ་དང་སྐྱ་བོའི་སྡེ་ཡི་རིག་གནས་བསྐྱར་དར་ལ་མཛད་རྗེ་ག་འདྲ་བཞག་ཡོད་པ་རྟོགས་ཡོང་། དེང་གི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོད་རིག་པ་སྨྲ་བ་མང་ཆེ་བ་ནི་ཁོང་རྣམ་པ་གསུམ་གྱི་བུ་སློབ་ཡིན།