The Gyara Tulkus are said to be the reincarnation of Gyara Sanggye Yeshe, a disciple of Tsongkhapa. Their seat is at Drugu monastery in Kham. The line was established in the mid-16th century when the First Gyara Tulku, Sherab Puntsok was born.
The Gyara Tulkus are said to be the reincarnation of Gyara Sanggye Yeshe, a disciple of Tsongkhapa. Their seat is at Drugu monastery in Kham. The line was established in the mid-16th century when the First Gyara Tulku, Sherab Puntsok was born.
b.1566 - d.1632
རྒྱ་ར་སྐུ་ཕྲེང་དང་པོ་གྲུབ་ཆེན་ཤེས་རབ་ཕུན་ཚོ གས་ནི་འཕགས་པ་ལྷ་སྐུ་ཕྲེང་ བཞི་པའི་ཐུགས་སྲས་ཡིན། རྗེ་དྲུང་ཤེས་རབ་དབང་པོ་སོགས་བླ་མ་གྲགས་ཆེ་བ་ཁག་ གཅིག་གི་དྲུང་ནས་ཀྱང་ཆོས་གསན། ཁོང་གིས་གྲུ་གུ་ཐང་གི་སྒྲུབ་སྡེ་ཕྱག་བཏབ། ཁོང་རྗེ་ཙོང་ཁ་པའི་སློབ་མ་རྒྱ་ར་སངས་རྒྱས་ཡེ་ཤེས་ཀྱི་སྐུ་སྐྱེ་ཡིན་པར་བཤད།
b.1634 - d.1644
རྒྱ་ར་སྐུ་ཕྲེང་གཉིས་པ་དཀོན་མཆོག་བསྟན་འཛིན་ནི་ཀོང་པོ་ཡུལ་དུ་འཁྲུ ངས། དགུང་ལོ་བཅུ་གཅིག་པའི་ཐོག་ཁམས་ གྲུ་གུ་ཐང་དུ་ཉིད་ཀྱི་ཁྲི་འདོན་ཆེད་ ཕེབས་སྐབས་འགྲུལ་ལམ་བར་སྐུ་དགོ ངས་པ་རྫོགས།
b.1646 - d.1676
རྒྱ་ར་སྐུ་ཕྲེང་གསུམ་པ་བློ་བཟང་ཕུན་ཚོགས་རྣམ་རྒྱ ལ་ནི་འཕགས་པ་ལྷ་སྐུ་ཕྲེང་ ལྔ་པའི་གཅུང་པོ་ཡིན། ཆབ་མདོར་ལྕགས་ར་སྤྲུལ་སྐུ་སྐུ་ ཕྲེང་བཞི་པའི་དྲུང་དུ་སློབ་གཉེར་གནང་། དེ་ནས་ཉིད་ཀྱི་གདན་ས་གྲུ་གུ་དགོ ན་དུ་བཞུགས། རྒྱ་ར་སྐུ་རབས་རིམ་བྱོན་རྣམས་རྗེ ་ཙོང་ཁ་པའི་སློབ་མ་ རྒྱ་ར་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་ཡིན་པར་བཤད།
b.1681 - d.1731
རྒྱ་ར་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་འཛིན་འཕྲིན་ ལས་ནི་འཕགས་པ་ལྷ་སྐུ་ཕྲེང་ ལྔ་པ་དང་། ཞི་བ་ལྷ་སྐུ་ཕྲེང་གསུམ་པ་བཅས་རྣམ་གཉིས་ཀྱི་དངོས་སློ བ་དང་། དཀོན་རྡོར་སྤྲུལ་སྐུ་སྐུ་ཕྲེང་ གཉིས་པ་དང་། འཕགས་པ་ལྷ་སྐུ་ཕྲེང་དྲུག་པ་གཉིས་ཀྱི་བླ་མ་ཡིན། ཁོང་གིས་གྲུ་གུ་དགོན་པར་འདུ་ཁང་ དང་ལྷ་ཁང་ཆུང་བ་ཁག་གཅིག་བཞེངས། སྐུ་ཚེ་སྨད་ལ་གྲུ་གུ་དགོན་པར་མཚམས་བསྙེན་སྒྲུབ་དང་ འཆད་ཁྲིད་བསྐྱངས་ཏེ་བཞུགས།
b.1734 - d.1791
རྒྱ་ར་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་སྐལ་བཟང་ཆོས་གྲགས་དཔལ་ལྡ ན་ནི་ཁམས་གྲུ་གུ་དགོན་གྱི་དགེ་ལུགས་པའི་བླ་ མ་ཞིག་ཡིན། འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་མཛད། རྗེས་སུ་གསང་སྔགས་ཀྱི་ཉམས་ལེན་ པ་མཚན་སྙན་ཆེ་བ་ཞིག་ཏུ་གྱུར།
b.1792 - d.1841
རྒྱ་ར་སྐུ་ཕྲེང་དྲུག་པ་བློ་བཟང་ཆོས་འཕེལ་ནི་ཞི་བ་ལྷ་སྐུ་ཕྲེང་བཞི ་པ་དང་། དཀོན་རྡོར་སྤྲུལ་སྐུ་སྐུ་ཕྲེང་ གསུམ་པ་རྣམ་གཉིས་ཀྱི་སློབ་མ་ཡིན། སེ་ར་དགོན་དུ་གསན་བསམ་སློབ་གཉེ ར་གནང་། ཁམས་ཁུལ་དུ་ཉིད་ཀྱི་གདན་ས་གྲུ་ གུ་ཐང་སོགས་དགོན་པ་ཁག་གཅིག་གི་ མཁན་པོ་མཛད།
b.1842 - d.1913
རྒྱ་ར་སྐུ་ཕྲེང་བདུན་པ་འཇིགས་མེད་ཆོས་ཀྱི་དབང་ཕྱུ ག་ནི་ཞི་བ་ལྷ་སྐུ་ཕྲེང་ ལྔ་པ་དང་། ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་བདུ ན་པ་བཅས་རྣམ་གཉིས་ཀྱི་སློབ་མ་ ཡིན། འབྲས་སྤུངས་དགོན་པར་སློབ་གཉེར་གནང་། ཁམས་ཁུལ་དུ་གྲུ་གུ་དགོན་སོགས་དགོན་པ་ཁག་གཅིག་ གི་མཁན་པོ་མཛད། འཕགས་པ་ལྷ་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་གནང་།
b.1918 - d.1976
རྒྱ་ར་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་འཛིན་ཆོས་ཀྱི་དབང་ཕྱུག་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཐུགས་ཐག་བཅད་ཅིང་། འབྲས་སྤུངས་དགོན་དུ་སྟོང་དཔོན་རིན་པོ་ཆེ་དང་། ཕ་བོང་ཁ་སྐུ་ཕྲེང་དང་པོ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་རྒན་གཞོན་གཉིས་སོགས་ལས་ཐོས་བསམ་མང་དུ་མཛད་ཅིང་། རྒྱ་ར་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་གྲུ་གུ་དགོན་དུ་ཁྲི་པའི་འགན་བཞེས་པ་དང་། གཞན་ཡང་ཁམས་ཀྱི་དགོན་སྡེ་ལྔ་བཅུ་ལྷག་ཏུ་འཆད་ཉན་སྤེལ་བར་མཛད། རྒྱ་ར་སྐུ་ཕྲེང་རིམ་བྱོན་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྒྱ་ར་སངས་རྒྱས་ཡེ་ཤེས་ཀྱི་རྣམ་སྤྲུལ་ཡིན་པར་གསུང་།
The TBRC RID number refers to the unique ID assigned by the Tibetan Buddhist Resource Center (TBRC.org) to each historical figure in their database of Tibetan literature.