The Treasury of Lives

The Dzongsar Khyentse incarnation line is the primary incarnation line that originated with Jamyang Khyentse Wangpo. It is based at Dzongsar Monastery in Kham.

Timeline

Biographies

Jamyang Khyentse Wangpo

b.1820 - d.1892

ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི། དུས་རབས་བཅུ་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མ་མཚན་སྙན་ཆེ་བ་ཞིག་སྟེ། ས་དགེ་བཀའ་རྙིང་བོན་དང་བཅས་པ་རིས་སུ་མ་ཆད་པའི་བླ་མ་བརྒྱ་ཕྲག་ཕྱེད་དང་གཉིས་ཀྱི་ཞབས་ལ་གཏུགས། དུས་རབས་བཅུ་དགུ་པའི་སྨད་ལ་ཁོང་གི་ཞལ་སློབ་ཏུ་བོད་མདོ་ཁམས་ཁུལ་གྱི་བླ་སྤྲུལ་སོགས་སྐྱེ་ཆེན་དམ་པ་གྲངས་ལས་འདས་པ་བྱོན།  དཔལ་ས་སྐྱ་ངོར་གྱི་ཡན་ལག་ཏུ་གྲགས་པ་རྫོང་སར་དགོན་པ་རང་གི་གདན་ས་མཛད་དེ་དབུས་སུ་ལན་གཉིས་ཙམ་དང་མདོ་ཁམས་ཡུལ་གྲུ་ཁག་ལ་ལན་མང་ཞབས་ཀྱིས་བཅགས། འཇམ་མགོན་ཀོང་སྤྲུལ་དང་གཏེར་སྟོན་མཆོག་གྱུར་གླིང་པ་རྣམ་གཉིས་དང་ལྷན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེར་དག་ཐེར་ལེགས་བཅོས་སོགས་ཀྱི་བྱ་བ་རླབས་ཆེན་མཛད་པའི་སྨིན་འབྲས་དུས་ད་ལྟའང་ཚོར་ཐུབ་པ་ཡིན། ཁོང་ནས་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་མཛོད་ཆེན་ལྔ་དང་། དེ་བཞིན་མཆོག་གྱུར་གླིང་པས་བཏོན་པའི་གཏེར་མ་ཕྱོགས་བསྒྲིགས་པར་སྐྲུན་སོགས་ཀྱི་ཐད་མཐུན་འགྱུར་རྒྱ་ཆེར་བསྒྲུབས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི་འཇམ་མགོན་ཀོང་སྤྲུལ་གྱིས་གཏེར་སྟོན་རྒྱལ་པོ་ལྔའི་ཐ་མར་བགྲངས། 

རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནི། དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་ཁམས་ཕྱོགས་སུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པའི་བླ་མ་གྲགས་ཅན་ཞིག་ཡིན འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཡང་སྲིད་སྤྲུལ་སྐུ་དུ་མ་ཡོད་པ་ལས། དམ་པ་འདི་ཉིད་ཀྱིས་རྫོང་སར་དགོན་པའི་ཁྲི་པ་མཛད་དེ་དགོན་པ་རྒྱ་བསྐྱེད་བཏང་ཞིང་། ཕྱི་ལོ་༡༩༡༨ ལོར་ཁམས་བྱེ་བཤད་གྲྭ་གསར་དུ་བཙུགས། དེ་ནས་ཕྱི་ལོ་༡༩༥༥ བོད་རྒྱ་དམར་གྱིས་བཙན་འཛུལ་བྱེད་སྐབས་སྦས་ཡུལ་འབྲས་མོ་ལྗོངས་སུ་བྲོས་བྱོལ་ལ་ཕེབས། མཐར་ཕྱི་ལོ་༡༩༥༩ ལོར་དགོངས་པ་མྱ་ངན་ལས་འདས་སོ།།