The Treasury of Lives

The Dzogchen Khyentse incarnations have their seat at Dzogchen Monastery in Derge. The First Dzogchen Khyentse, Guru Tsewang was identified as a child by the Fifth Dzogchen Drubwang as the mind-emanation of the famous master Jamyang Khyentse Wangpo, one of the most prominent lamas of the nineteenth century and teacher to most of the lamas of Kham in the second half of the nineteenth century.

Timeline

Biographies

Jigme Lingpa

b.1730 - d.1798

ཀུན་མཁྱེན་འཇིགས་མེད་གླིང་པ་ནི། སྔ་འགྱུར་རྙིང་མའི་ལུགས་ཀྱི་གཏེར་ཆེན་མཚན་སྙན་ཆེ་བའི་ཁོངས་སུ་བསྔགས། ཁོང་གིས་ཀློང་ཆེན་སྙིང་ཐིག་དང་འབྲེལ་བའི་གཏེར་མའི་ཆོས་སྐོར་ཁག་གཅིག་གཏེར་ནས་བཏོན། དུས་རབས་བཅོ་བརྒྱད་པའི་སྨད་ལ་བོད་དབུས་འཕྱོངས་རྒྱས་ཁུལ་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས། དེ་རྗེས་སྡེ་དགེ་དགེ་རྒྱལ་པོས་ཡོན་བདག་མཛད་པས་སྡེ་དགེ་རྒྱལ་ཁམས་སུ་སྔ་འགྱུར་རྙིང་མའི་བསྟན་པ་དར་སྤེལ་མཛད་ཅིང་། ཁམས་ཕྱོགས་ཀྱི་རྙིང་མའི་བླ་སྤྲུལ་མང་པོ་ཞིག་སློབ་མར་བསྐྱངས་ཡོད་དོ།

Jamyang Khyentse Wangpo

b.1820 - d.1892

ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི། དུས་རབས་བཅུ་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མ་མཚན་སྙན་ཆེ་བ་ཞིག་སྟེ། ས་དགེ་བཀའ་རྙིང་བོན་དང་བཅས་པ་རིས་སུ་མ་ཆད་པའི་བླ་མ་བརྒྱ་ཕྲག་ཕྱེད་དང་གཉིས་ཀྱི་ཞབས་ལ་གཏུགས། དུས་རབས་བཅུ་དགུ་པའི་སྨད་ལ་ཁོང་གི་ཞལ་སློབ་ཏུ་བོད་མདོ་ཁམས་ཁུལ་གྱི་བླ་སྤྲུལ་སོགས་སྐྱེ་ཆེན་དམ་པ་གྲངས་ལས་འདས་པ་བྱོན།  དཔལ་ས་སྐྱ་ངོར་གྱི་ཡན་ལག་ཏུ་གྲགས་པ་རྫོང་སར་དགོན་པ་རང་གི་གདན་ས་མཛད་དེ་དབུས་སུ་ལན་གཉིས་ཙམ་དང་མདོ་ཁམས་ཡུལ་གྲུ་ཁག་ལ་ལན་མང་ཞབས་ཀྱིས་བཅགས། འཇམ་མགོན་ཀོང་སྤྲུལ་དང་གཏེར་སྟོན་མཆོག་གྱུར་གླིང་པ་རྣམ་གཉིས་དང་ལྷན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེར་དག་ཐེར་ལེགས་བཅོས་སོགས་ཀྱི་བྱ་བ་རླབས་ཆེན་མཛད་པའི་སྨིན་འབྲས་དུས་ད་ལྟའང་ཚོར་ཐུབ་པ་ཡིན། ཁོང་ནས་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་མཛོད་ཆེན་ལྔ་དང་། དེ་བཞིན་མཆོག་གྱུར་གླིང་པས་བཏོན་པའི་གཏེར་མ་ཕྱོགས་བསྒྲིགས་པར་སྐྲུན་སོགས་ཀྱི་ཐད་མཐུན་འགྱུར་རྒྱ་ཆེར་བསྒྲུབས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི་འཇམ་མགོན་ཀོང་སྤྲུལ་གྱིས་གཏེར་སྟོན་རྒྱལ་པོ་ལྔའི་ཐ་མར་བགྲངས། 

རྫོགས་ཆེན་གུ་རུ་ཚེ་དབང་ནི་ཁམས་རྫོགས་ཆེན་དགོན་གྱི་རྫོགས་ཆེན་མཁྱེན་བརྩེ་སྐུ་ཕྲེང་དང་པོ་ཡིན་ལ། འཇམ་དབྱངས་མཁྱེན་བརྩེ་དབང་པོར་སྤྲུལ་སྐུ་ལྔ་བྱུང་བའི་གྲས་ཀྱི་གཅིག་ཡིན།

རྫོགས་ཆེན་གཞོན་ནུ་བློ་གྲོས་ནི་ཁམས་རྫོགས་ཆེན་དགོན་གྱི་རྫོགས་ཆེན་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་ཡིན།