Dilgo Khyentse was one of five recognized reincarnations of Jamyang Khyentse Wangpo. His reincarnation, known as Dilgo Yangse Rinpoche, was born in 1993, the son of Tsikey Choling Rinpoche.
Dilgo Khyentse was one of five recognized reincarnations of Jamyang Khyentse Wangpo. His reincarnation, known as Dilgo Yangse Rinpoche, was born in 1993, the son of Tsikey Choling Rinpoche.
b.1820 - d.1892
ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི། དུས་རབས་བཅུ་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མ་མཚན་སྙན་ཆེ་བ་ཞིག་སྟེ། ས་དགེ་བཀའ་རྙིང་བོན་དང་བཅས་པ་རིས་སུ་མ་ཆད་པའི་བླ་མ་བརྒྱ་ཕྲག་ཕྱེད་དང་གཉིས་ཀྱི་ཞབས་ལ་གཏུགས། དུས་རབས་བཅུ་དགུ་པའི་སྨད་ལ་ཁོང་གི་ཞལ་སློབ་ཏུ་བོད་མདོ་ཁམས་ཁུལ་གྱི་བླ་སྤྲུལ་སོགས་སྐྱེ་ཆེན་དམ་པ་གྲངས་ལས་འདས་པ་བྱོན། དཔལ་ས་སྐྱ་ངོར་གྱི་ཡན་ལག་ཏུ་གྲགས་པ་རྫོང་སར་དགོན་པ་རང་གི་གདན་ས་མཛད་དེ་དབུས་སུ་ལན་གཉིས་ཙམ་དང་མདོ་ཁམས་ཡུལ་གྲུ་ཁག་ལ་ལན་མང་ཞབས་ཀྱིས་བཅགས། འཇམ་མགོན་ཀོང་སྤྲུལ་དང་གཏེར་སྟོན་མཆོག་གྱུར་གླིང་པ་རྣམ་གཉིས་དང་ལྷན་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེར་དག་ཐེར་ལེགས་བཅོས་སོགས་ཀྱི་བྱ་བ་རླབས་ཆེན་མཛད་པའི་སྨིན་འབྲས་དུས་ད་ལྟའང་ཚོར་ཐུབ་པ་ཡིན། ཁོང་ནས་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་མཛོད་ཆེན་ལྔ་དང་། དེ་བཞིན་མཆོག་གྱུར་གླིང་པས་བཏོན་པའི་གཏེར་མ་ཕྱོགས་བསྒྲིགས་པར་སྐྲུན་སོགས་ཀྱི་ཐད་མཐུན་འགྱུར་རྒྱ་ཆེར་བསྒྲུབས། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི་འཇམ་མགོན་ཀོང་སྤྲུལ་གྱིས་གཏེར་སྟོན་རྒྱལ་པོ་ལྔའི་ཐ་མར་བགྲངས།
b.1910 - d.1991
དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ནི་དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ཏུ་མཚན་སྙན་ཆེ་བའི་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཞིག་ཡིན། ཁོང་ཉིད་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྐུ་ཡི་སྤྲུལ་པར་གྲགས་ཤིང་། ཁོང་གི་གདན་ས་དངོས་ནི་མདོ་ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱལ་གླིང་ཡིན་མོད། ༡༩༨༠ལོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དང་ཉེ་བའི་གནས་ཤིག་ཏུ་ཞེ་ཆེན་དགོན་པ་གསར་བཞེངས་མཛད། བཙན་བྱོལ་དུ་ཕེབས་རྗེས་ཀྱི་བཞུགས་གནས་གཙོ་བོ་ནི་འབྲུག་ཡུལ་ཡིན། ཁོང་གིས་གཏེར་ནས་བཏོན་པ་དང་ལྗགས་རྩོམ་གནང་བའི་ཕྱག་དཔེ་ཁྱོན་བསྡོམས་པོད་ཉི་ཤུ་རྩ་ལྔ་བཞུགས། དགུང་ལོ་བཅུར་ཕེབས་དུས་དགེ་བསྙེན་གྱི་སྡོམ་པ་ཞུས་ཡོད་མོད་རབ་བྱུང་གི་སྡོམ་པ་ནི་བཞེས་མྱོང་མེད་ཅིང་། ཡུམ་སྲས་སོགས་ཀྱང་མངའ་བ་སེར་ཁྱིམ་པའི་རྣམ་པར་བཞུགས་པ་ཞིག་ཡིན།
The TBRC RID number refers to the unique ID assigned by the Tibetan Buddhist Resource Center (TBRC.org) to each historical figure in their database of Tibetan literature.