The Treasury of Lives

སློབ་དཔོན་བི་མ་ལ་མི་ཏྲའམ་དྲི་མེད་བཤེས་གཉེན་ནི། ཕྱི་ལོའི་དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་སྲིད་སྐྱོང་བའི་དུས་བོད་དུ་བྱོན་པའི་རྒྱ་གར་གྱི་རྫོགས་པ་ཆེན་པོའི་སློབ་དཔོན་ཞིག་ཡིན། ཁོང་གིས་སྔ་འགྱུར་རྙིང་མའི་རྒྱུད་སྡེ་དང་ཁྲིད་ཡིག་གཙོ་བོ་ཇི་སྙེད་ཅིག་བསྒྱུར་ཞིང་བརྩམས་ལ། གཏེར་དུ་ཡང་སྦས་ཡོད་མོད། ལོ་རྒྱུས་ཀྱི་སྤྱི་འགྲོས་ལྟར་གྱི་གང་དེའི་འཚོ་གཞེས་དང་འཆད་ཉན་གྱི་གནས་ཚུལ་ཞིབ་ཆ་འཁོད་པ་ནི་ཤིན་ཏུ་ཉུང་བས། ཁོང་གི་འཁྲུངས་ལོ་དང་འཁྲུངས་ཡུལ། ཕ་མའི་མཚན་དང་བོད་དུ་ཕེབས་པའི་ལོ་དུས་སོགས་ཀུན་ལ་རྩོད་གཞི་ཡང་མང་དུ་སྣང་། དུས་ཕྱིས་ཀྱི་རྙིང་མའི་ཆོས་འབྱུང་ཁག་ཅིག་ནང་གསལ་བ་ལྟར་ན། དང་པོ་ཁོང་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་འཁྲུངས། བར་དུ་རྒྱ་ནག་ཏུ་ཕེབས། དེར་སློབ་དཔོན་ཤྲཱི་སིཾཧའི་དྲུང་ནས་ཆོས་མ་ཞུས་པའི་སྔོན་ནས་མདོ་སྡེའི་སྡེ་སྣོད་ལ་ནང་བྱན་ཆུབ་པའི་མཁས་པ་ཞིག་ཡིན་པར་གསུང་ལ། རྒྱ་ནག་ཏུ་སྙིང་ཐིག་གི་གདམས་པ་ཞུས་ཤིང་རྟོགས་པ་ཡང་མངོན་དུ་གྱུར་རྗེས་རྒྱ་གར་དུ་ལོག་ཕེབས། དེ་རྗེས་གང་ཉིད་དགུང་ལོ་བརྒྱ་ཡོལ་ཙམ་གྱི་དུས་སུ།གཞི་ནས་བོད་དུ་བྱོན་ཞིང་། བོད་དུ་རྒྱུད་སྡེ་མང་དག་ཅིག་འཆད་སྒྱུར་མཛད་པ་མ་ཟད། ད་དུང་སྙིང་ཐིག་སོགས་ཀྱང་གཏེར་དུ་སྦས་རྗེས། སླར་རྒྱ་ནག་ཏུ་ཕེབས་ཏེ་འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་དུ་གྱུར་བར་གསུངས་སོ།།


Joel Gruber is teaching professor at the University of San Diego.

Published March 2012

དཔྱད་གཞིའི་ཡིག་ཆ་ཁག།

Dodrupchen Rinpoche. 1967.The Biography of the Mahāpaṇḍita Vimalamitra. Calcutta, India: Sarat Press.

Dudjom Rinpoche. 2002.The Nyingma School of Tibetan Buddhism. Gyurme Dorje and Matthew Kapstein, trans. Boston: Wisdom.

Faber, Flemming. 1989. “Vimalamitra—One or Two?” InStudies in Central and East Asian Religions 2,pp. 19-26.

Germano, David. 2002. “The Seven Descents and the Early History of Rnying ma Transmissions.” InThe Many Canons of Tibetan Buddhism,Helmut Eimer and David Germano, eds. Leiden: Brill, pp. 225-264.

Nyang ral nyi ma 'od zer. 1988.Chos ‘byung me tog snying po sbrang rtsi’i bcud (nyang chos ‘gyung).In Gangs can rig mdzod, vol. 5. Lhasa, Tibet: Bod ljongs mi dmangs dpa skrun khang.

Nyang ral nyi ma 'od zer. 1989.Bka' thang zangs gling ma. Khreng tu'u: si khron mi rigs dpe skrun khang, pp. 29 – 264.

Nyoshul Khenpo. 2005.A Marvelous Garland of Rare Gems. Richard Barron, trans. Junction City, California: Padma Publication.

Rdzogs pa chen po snying thig gi lo rgyus chen mo.In Bka' ma shin tu rgyas pa (kaH thog), vol 34. Chengdu, China: pp 505-660.

Rgyal sras thugs mchog rtsal. 1991.Chos ‘byung rin po che’i gter mdzod bstan pa gsal bar byed pa’i nyi ‘od (klong chen chos ‘byung).In Gangs can rig mdzod, vol. 17. Lhasa, Tibet: Bod ljongs bod yig dpe rnying dpe skrun khang.

Valby, Jim. 2002.The Great History of Garab Dorje, Manjushrimitra, Śrī Siṃha, Jnanasutra and Vimalamitra.Italy:Shang Shung Edizioni.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།