ཁྲོ་ཕུ་རྒྱལ་ཚ་རིན་ཆེན་མགོན་ནི་རྗེ་ཕག་མོ་གྲུ་པའི་སློབ་མ་ཡིན། ཁོང་གིས་ཁྲོ་ཕུ་དགོན་པ་ཕྱག་བཏབ། དགོན་པ་དེ་ཉིད་རྗེས་སུ་ཁོང་གི་སློབ་མ་ཁྲོ་ཕུ་ལོ་ཙཱ་བ་འཇམ་དཔལ་དཔལ་གྱིས་སྲོལ་གཏོད་པའི་ཁྲོ་ཕུ་བཀའ་བརྒྱུད་པའི་གདན་སར་གྱུར། ཡིག་ཆ་ཁག་གཅིག་གི་ནང་རྒྱལ་ཚ་རིན་ཆེན་མགོན་དང་ཀུན་ལྡན་རས་པ་རྣམ་གཉིས་བུ་སྤུན་ཡིན་ཚུལ་བཤད་ཀྱང་དོན་དངོས་ཁོང་ཀུན་ལྡན་རས་པའི་ཁུ་བོ་ཡིན།
དཔྱད་གཞིའི་ཡིག་ཆ་ཁག།
Grags pa 'byung gnas. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang. Pp. 406-407.
Gtsug lag 'phreng ba. 1980. Chos 'byung mkhas pa'i dga' ston. New Delhi: Karmapae Chodhey Gyelwae Sungrab Partun Khang, vol. I, p. 857.6. ff.
Roerich, George, trans. 1996. The Blue Annals. 2nd ed. Delhi: Motilal Banarsidas, pp. 705-7.
Tshe dbang rgyal. 1994. Lho rong chos 'byung. Lhasa: Bod ljongs bod yig dpe rnying dpe skrun khang, pp. 328-9.