The Treasury of Lives

རབ་འབྱམས་པ་ཤཱཀྱ་རྒྱལ་མཚན་ནི་དུས་རབས་བཅུ་དྲུག་པའི་ཆབ་མདོ་དགོན་དང་འབྲེལ་ཆེ་བའི་དགེ་ལུགས་པའི་མཁས་དབང་ཞིག་ཡིན་ལ།  ཐོག་མར་རྙིང་མའི་ལུགས་ལ་སློབ་གཉེར་མཛད་ཅིང་། ཕྱིས་སུ་འབྲས་སྤུངས་དགོན་དུ་རབ་ཏུ་བྱུང་ནས་རྒྱལ་དབང་སྐུ་ཕྲེང་གཉིས་པ་དང་འཕགས་པ་ལྷ་སྐུ་ཕྲེང་གཉིས་པ་ལས་ཐོས་བསམ་རྒྱ་ཆེར་མཛད། ཀོང་པོའི་འབྲུ་ལ་དགོན་དང་ཕན་བདེ་དགོན་དུ་ཁྲི་པའི་འགན་བཞེས་ཤིང་། ཡུལ་དེ་གའི་དགོན་སྡེ་སྐོར་ཞིག་གི་སློབ་དཔོན་དུ་བཞུགས། འཕགས་པ་ལྷ་སྐུ་ཕྲེང་གསུམ་པར་རབ་བྱུང་བསྒྲུབས་ཤིང་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་བསྐྱངས། སྐུ་གསུང་ཐུགས་རྟེན་གང་མང་བཞེངས་པར་ཡོན་བདག་མཛད་ཅིང་། སྔགས་ཀྱི་དཔེ་སྣ་མང་པོ་བསྐྱར་དཔར་མང་པོ་བྱས། ཁོང་ནི་དཀོན་རྡོར་སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཕྲེང་གཉིས་པར་ངོས་འཛིན་གྱི་ཡོད། 


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.

Published August 2010

དཔྱད་གཞིའི་ཡིག་ཆ་ཁག།

Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 361-364.

ShAkya lha dbang. 2001 (1640). Zhal snga bka' brgyud kyi thun mong ma yin pa'i chos 'byung. Lhasa: Bod ljongs bod yig dpe rnying dpe skrun khang.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།