The Treasury of Lives

གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི། སློབ་དཔོན་པདྨ་སཾབྷཱ་བའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་གྲས་ཤིག་ཡིན་ཅིང་ བོད་སིལ་བུར་ཐོར་བ་ནས་བསྟན་པ་ཕྱི་དར་མ་ཤར་བའི་བར་གྱི་སྨག་རུམ་གྱི་དུས་སྐབས་དེའི་ནང་འཚོ་བཞུགས་གནང་མྱོང་བའི་རྙིང་མའི་སློབ་དཔོན་གལ་ཆེན་ཞིག་ཡིན། སྔ་འགྱུར་རྙིང་མ་བཀའ་མའི་ལུགས་སུ་ཁོང་དང་། གཉགས་ཛྙཱན་ཀུམཱར། ཟུར་ཆེན་ཤཱཀྱ་འབྱུང་གནས་བཅས་ལ་བཀའ་བབ་རྣམ་གསུམ་ཞེས་གསུང་སྲོལ་ཡོད་པ་ལས། ཁོང་ནི་བཀའ་བབ་གཉིས་པར་གསུང་། དེ་ཡང་སློབ་དཔོན་པདྨ་འབྱུང་གནས་སོགས་ལས་རྒྱུད་སྡེ་མང་པོའི་དབང་ལུང་ནོད་ཅིང་། ཁྱད་པར་དུ་རྒྱ་གར་དང་། བལ་ཡུལ། བྲུ་ཤ་བཅས་སུ་སློབ་གཉེར་གནང་མྱོང་ཡོད། ཁོང་གིས་མ་ཧཱ་ཡོ་གའི་རྒྱུད་ཀྱི་རྩ་བ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་སོགས་མཛད་པ་མ་ཟད། ད་ལྟ་རྙིང་མ་རྒྱུད་འབུམ་ནང་བཞུགས་པའི་རྒྱུད་སྡེ་ཁག་ཅིག་ཀྱང་ཁོང་གི་སྒྱུར་ཡིན་ནོ།།


Alexander Gardner is Director and Chief Editor of the Treasury of Lives. He completed his PhD in Buddhist Studies at the University of Michigan in 2007.

Published December 2009

དཔྱད་གཞིའི་ཡིག་ཆ་ཁག།

Bradburn, Leslie, ed. 1995. Masters of the Nyingma Lineage. Cazadero: Dharma Publications, 1995, pp. 36-38.

Dalton, Jacob. 2002. The Uses of the Dgongs pa 'dus pa'i mdo in the Development of the Nyingma School of Tibetan Buddhism. PhD dissertation, University of Michigan.

Dudjom Rinpoche. 2002. The Nyingma School of Tibetan Buddhism. Gyurme Dorje and Matthew Kapstein, trans. Boston: Wisdom, 607-614.

Grags pa 'byung gnas. 1992. Gangs can mkhas grub rim byon ming mdzod. Lanzhou: Kan su'u mi rigs dpe skrun khang, pp. 937-938.

Gu ru bkra shis. 1990. Gu bkra'i chos 'byung. Beijing: Krung go'i bod kyi shes rig dpe skrun khang, p. 167.

'Jam mgon kong sprul blo gros mtha' yas. 2007. Gter ston brgya rtsa. In Rin chen gter mdzod chen mo. New Delhi: Shechen, v.1 pp. 373ff.

Rdo brag rig 'dzin 01 Padma 'phrin las. 1972 (1681). Bka' ma mdo bbang gi bla ma brgyud pa'i rnam thar ngo mtshar dad pa'i 'phreng ba. Delhi: Jayyed Press, pp. 160‑176.

Roerich, George, trans. 1996. The Blue Annals. 2nd ed. Delhi: Motilal Banarsidas, p. 104-105.

Smith, Gene. 2006. “Siddha Groups and the Mahasiddhas in the Art and Literature of Tibet”. In Holy Madness: Portraits of Tantric Siddhas. New York: Rubin Museum of Art, p. 71.

Tarthang Tulku. 1975. Bringing the Teachings Alive. Cazadero, CA: Dharma Publishing.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།