The Treasury of Lives

The Pakpa Lha incarnation line dates to the fifteenth century when Dechen Dorje declared himself, at age eight, to be Āryadeva. He became known as the First Pakpa Lha. The seat of the lineage is at the Geluk monastery Chamdo Jampa Ling.

Timeline

Biographies

འཕགས་པ་བདེ་ཆེན་རྡོ་རྗེ་ནི་འཕགས་པ་ལྷ་སྐུ་ཕྲེང་རིམ་བྱོན་གྱི་ཐོག་མ་ཡིན་ལ། ཕྱིས་སུ་ཆབ་མདོ་བྱམས་པ་གླིང་གདན་སར་མཛད། དགུང་ལོ་བརྒྱད་ཀྱི་སྟེང་དུ་ཁོང་གིས་རང་ཉིད་ཨརྱ་དེ་བ་ཡིན་ཞེས་གསུངས་མྱོང་པས་མཚན་ལའང་དེ་ལྟར་ཐོགས། དགའ་ལྡན་དུ་དགེ་སློང་གི་སྡོམ་པ་བཞེས་རྗེས་ཡུལ་གང་སར་འགྲིམས་ནས་རི་ཁྲོད་དང་དགོན་སྡེ་མང་པོ་བཞེངས་པར་གྲགས།

འཕགས་པ་ལྷ་སྐུ་ཕྲེང་གཉིས་པ་སངས་རྒྱས་དཔལ་ནི་འཕགས་པ་ལྷ་སྐུ་ཕྲེང་དང་པོའི་སྤྲུལ་སྐུ་ཡིན་ལ། ཁོང་གིས་ཀོང་པོ་ཡུལ་གྱི་བཀྲ་ཤིས་ཕན་བདེ་དགོན་ཕྱག་བཏབ་པ་དང་། འཇང་ས་ཐམ་གྱི་ཡུལ་དུའང་དགོན་སྡེ་ཕྱག་འདེབས་མཛད་ནས་ཀོང་པོ་དང་ཁམས་ཕྱོགས་སུ་ཞྭ་སེར་བསྟན་པ་རྒྱ་ཆེར་སྤེལ། 

འཕགས་པ་ལྷ་སྐུ་ཕྲེང་གསུམ་པ་མཐོང་བ་དོན་ལྡན་ནི་ཆབ་མདོ་བྱམས་པ་གླིང་གི་གདན་རབས་བཅུ་བཞི་པ་ཡིན་ལ། ཁོས་ཀྱང་སྐུ་ཕྲེང་གོང་མ་རྣམས་དང་འདྲ་བར་འཇང་ས་ཐམ་གྱི་རྒྱལ་ཁམས་སོགས་བོད་ཀྱི་བྱང་ཤར་ཁུལ་དུ་ཕེབས་བཞུད་གནང་ནས། དགེ་ལྡན་བསྟན་པ་རྒྱ་ཆེར་སྤེལ་བར་མཛད། 

འཕགས་པ་ལྷ་སྐུ་ཕྲེང་བཞི་པ་ཆོས་ཀྱི་རྒྱལ་པོ་ནི་ཆབ་མདོ་བྱམས་པ་གླིང་གི་གདན་རབས་བཅུ་བདུན་པ་ཡིན་ལ། ཁོང་ནི་རྒྱལ་དབང་སྐུ་ཕྲེང་བཞི་པ་དང་ལྔ་པ། པཎ་ཆེན་སྐུ་ཕྲེང་བཞི་པ་བཅས་ལ་འབྲེལ་བ་ཟབ་པར་མཛད། དུས་རབས་བཅུ་བདུན་པར་རྒྱལ་དབང་ལྔ་པར་རོགས་བྱས་ཏེ་བོད་ལ་དབང་བསྒྱུར་བར་མཛད་མཁན་གུ་ཤྲི་ཧན་བསྟན་འཛིན་ཆོས་རྒྱལ་ལའང་འབྲེལ་བ་དམ་པོ་ཡོད་པ་རེད། 

འཕགས་པ་ལྷ་སྐུ་ཕྲེང་ལྔ་པ་རྒྱལ་བ་རྒྱ་མཚོ་ནི་ཆབ་མདོ་བྱམས་པ་གླིང་གི་གདན་རབས་བཅུ་དགུ་པ་ཡིན་ལ། ལོ་ངོ་དྲུག་ཅུ་རེ་གཉིས་ལ་གདན་ས་བསྐྱངས། ཁོང་ནི་རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་བཞི་པའི་བུ་སློབ་ཡིན་ལ། སྐུ་ཕྲེང་གོང་མ་རྣམས་ལྟར་ཁམས་ཀྱི་ཡུལ་གྲུ་གང་སར་དགེ་ལྡན་བསྟན་པ་སྤེལ་བར་མཛད། 

འཕགས་པ་ལྷ་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་རྒྱ་མཚོ་ནི་ཁམས་ཆབ་མདོ་བྱམས་པ་གླིང་གི་གདན་རབས་ཉེར་གཅིག་ཡིན་ལ། རྒྱལ་དབང་སྐུ་ཕྲེང་བདུན་པ་དང་པཎ་ཆེན་སྐུ་ཕྲེང་བཞི་པའི་བུ་སློབ་ཀྱི་གྲས་ཡིན། རྒྱ་ནག་གོང་མའི་ཕོ་བྲང་དང་འབྲེལ་འཛུགས་གནང་སྟེ་ཧོ་མོ་ཧན་གྱི་ཆོ་ལོ་དང་ཟངས་ཀྱི་ཐམ་ཀ་འཐོབ། འཕགས་པ་སྐུ་ཕྲེང་སྔོན་མ་དག་ལྟར་ཁོང་ཡང་ཆོས་སྲིད་གཉིས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ་དང་འགན་ཁུར་མཛད།

འཕགས་པ་ལྷ་སྐུ་ཕྲེང་བདུན་པ་འཇིགས་མེད་བསྟན་པའི་མགོན་པོ་ནི་ཆབ་མདོ་བྱམས་པ་གླིང་གི་གདན་རབས་ཉེར་གསུམ་པ་ཡིན་ལ། ལོ་ངོ་བཅུ་དགུར་གདན་ས་དེ་ཉིད་བསྐྱངས། ཁོང་གིས་དབུས་ཀྱི་གྲྭ་ས་ཁག་ཏུ་ཐོས་བསམ་མཛད་ཅིང་། པཎ་ཆེན་སྐུ་ཕྲེང་དྲུག་པ་ཉིད་ལས་རབ་ཏུ་བྱུང་ཞིང་ཕྱིས་ཐོས་བསམ་མཛད། དུས་རབས་བཅོ་བརྒྱད་པར་ཆབ་མདོ་དང་ཁམས་ཀྱི་ཡུལ་དུ་སྙན་གྲགས་ཆེ་ལ། པེ་ཅིང་དུ་བཞུགས་པའི་གོང་མ་ཆན་ལུང་དང་ཡང་འབྲེལ་བ་དམ་པར་གྲགས། 

འཕགས་པ་ལྷ་སྐུ་ཕྲེང་བརྒྱད་པ་བློ་བཟང་འཇིགས་མེད་དཔལ་ལྡན་བསྟན་པའི་ཉི་མ་ཡིས་སྤྱི་ལོ ༡༨༠༥ ལོ་ནས ༡༨༤༧ ལོའི་བར་ཆབ་མདོ་བྱམས་པ་གླིང་གི་གདན་ས་བསྐྱངས་ཤིང་གདན་རབས་ཉེར་ལྔ་པ་ཡིན། ཁོང་ནི་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་དང་སྡེ་སྲིད་རྟ་ཚག་སྐུ་ཕྲེང་བརྒྱད་པས་ཆིང་གོང་མ་ཆན་ལུང་གིས་བསྩལ་བའི་གསེར་བུམ་བསྒྲིལ་ནས་འཕགས་པ་ལ་སྐུ་ཕྲེང་བརྒྱད་པར་ཐུགས་ཐག་བཅད་པ་ཡིན། ཁོག་གིས་འཕགས་པ་ལྷ་སྐུ་ཕྲེང་སྔོན་མ་དག་དང་འདྲ་བར་དབུས་སུ་ཐོས་བསམ་མཛད་ཅིང་། ཕྱིས་སུ་ཕྱིར་ཁམས་སུ་ལོག་ཏེ་གདན་སར་བཞུགས། 

འཕགས་པ་ལྷ་སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་ནི་ཆབ་མདོ་བྱམས་པ་གླིང་གི་གདན་རབས་ཉེར་བདུན་པ་ཡིན་ལ། ཁོང་གིས་སྐུ་ཕྲེང་གོང་མ་དག་དང་མི་འདྲ་བར་ཆབ་མདོ་ནས་ཐོས་བསམ་མཛད། ཁོང་གིས་ཁྲི་པའི་འགན་བཞེས་པའི་སྐབས་སུ་ཁམས་སུ་ཆིང་གོང་མའི་དམག་དཔུང་ལ་ངོ་རྒོལ་བྱས་པ་འདུམ་པར་ཞུགས།

འཕགས་པ་ལྷ་སྐུ་ཕྲེང་བཅུ་པ་བློ་བཟང་ཐུབ་བསྟན་མི་ཕམ་ཚུལ་ཁྲིམས་རྒྱལ་མཚན་ནི་ཁམས་སུ་སྐུ་འཁྲུངས་ཤིང་། ལྷ་སའི་ཉེ་གནས་སེ་ར་དགོན་དུ་ཐོས་བསམ་མཛད། ཁོང་གིས་ཆབ་མདོ་བྱམས་པ་གླིང་དུ་ལོ་ངོ་བཅུ་དགུ་ལ་གདན་རབས་ཉེར་དགུ་པའི་འགན་བཞེས་ཤིང་། སྐབས་དེར་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་གཞུང་དམག་གིས་དགོན་པ་དེ་ཉིད་མེར་བསྲེགས། ཕྱིས་སུ་སྡོམ་པ་ཕུལ་ཏེ་ཆུང་མ་བསྟེན་པས་དཀའ་ཁག་མང་པོར་འཕྲད་ཅིང་། གནས་སྐབས་སུ་གདན་སའི་གོ་གནས་ནས་ཕྱིར་བསྐྲད་མོད། ཕྱིས་སུ་རྒྱབ་སྐྱོར་མཁན་མང་པོས་ཕྱིར་ཁྲི་བར་བསྐོས། སྤྱི་ལོ་ཆིག་སྟོང་དགུ་བརྒྱའི་ལོ་རབས་ཉི་ཤུའི་ནང་དུ་དགོན་སྡེ་དེ་ཉིད་བསྐྱར་བཞེངས་མཛད་སྐབས་ཁོང་གི་འགན་བཞེས་གནང་པ་ཡིན།