The Treasury of Lives

The Nyingon Choktrul incarnations were masters of the Katok branch of the Nyingma tradition with seats at both Katok Dorjeden and Nyingon Monastery. The line originated when the First Drime Zhingkyong identified a boy, Jangchub Dorje, as the reincarnation of a lama named Sanggye Tashi who had resided at Nyingon Monastery and had served at Katok during the crucial period of transition and revival.

Timeline

Biographies

The First Nyingon Choktrul, Jangchub Dorje

b.mid 17th cent. - d.early 18th cent.

བྱང་ཆུབ་རྡོ་རྗེ་ནི་ཀཿཐོག་དགོན་གྱི་ཉིན་དགོན་མཆོག་སྤྲུལ་སྐུ་ཕྲེང་དང་པོ་ཡིན་ལ། ཁོང་ནི་ཉིན་དགོན་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་སྤྲུལ་སྐུ་དང་རིག་འཛིན་ཀློང་གསལ་སྙིང་པོའི་བུ་སློབ་ཡིན།

The Second Nyingon Choktrul, Wosel Dorje Nyingpo

b.mid 18th cent. - d.early 19th cent.

ཉིན་དགོན་མཆོག་སྤྲུལ་སྐུ་ཕྲེང་གཉིས་པ་འོད་གསལ་རྡོ་རྗེ་སྙིང་པོ་ནིཀཿཐོག་ལུགས་ཀྱི་མཁས་དབང་ཞིག་ཡིན་ལ། ཕྱག་ཚ་སྐུ་ཕྲེང་དང་པོ་ཀུན་བཟང་ངེས་དོན་དབང་པོ་དང་དགེ་རྩེ་སྐུ་ཕྲེང་དང་པོ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་གཉིས་ཀྱི་བུ་སློབ་ཡིན།

The Third Nyingon Choktrul, Zhenpen Dorje

b.early 19th cent. - d.late 19th cent.

ཉིན་དགོན་མཆོག་སྤྲུལ་སྐུ་ཕྲེང་གསུམ་པ་གཞན་ཕན་རྡོ་རྗེ་ནི་ཀཿཐོག་ལུགས་ཀྱི་མཁན་ཆེན་ཞིག་ཡིན་ལ། ཀཿཐོག་སི་ཏུ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་བློ་གྲོས་དང་མཚོ་ཕུ་གྲུབ་ཆེན་སྐུ་ཕྲེང་དང་པོ་ཆོས་དབྱིངས་རང་གྲོལ་གཉིས་ཀྱི་བུ་སློབ་ཡིན། ཁོང་གིས་དགེ་ལུགས་པའི་ལི་ཐང་དགོན་དུ་རྙིང་མའི་གྲྭ་ཚང་ཞིག་བཙུགས་པའམ་ཡང་ན་རྒྱ་བསྐྱེད་གནང་འདུག

ཉིན་དགོན་མཆོག་སྤྲུལ་སྐུ་ཕྲེང་བཞི་པ་བསོད་ནམས་རྡོ་རྗེ་ནི་ཁམས་ལི་ཐང་དུ་དུས་རབས་དགུ་པར་སྐུ་འཁྲུངས་ཤིང་། ཉིན་དགོན་མཆོག་སྤྲུལ་སྐུ་ཕྲེང་གསུམ་པའི་སྤྲུལ་སྐུར་ངོས་བཟུང་རྗེས་ཁོང་གི་གདན་ས་ཀཿཐོག་དགོན་དུ་བཞུགས། ཁོང་ནི་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ཤིག་ལ་དགོངས་པ་གཤེགས།

ཉིན་དགོན་མཆོག་སྤྲུལ་སྐུ་ཕྲེང་ལྔ་པ་འགྱུར་མེད་སྐལ་བཟང་སྟོབས་རྒྱལ་རྡོ་རྗེ་ནི་ཀཿཐོག་དགོན་གྱི་མཁས་ཆེན་ཞིག་ཡིན་ལ། ཁོང་ནི་ལེགས་བཤད་འབྱོར་ལྡན་དང་། དགེ་རྩེ་སྐུ་ཕྲེང་གསུམ་པ་འགྱུར་མེད་བསྟན་པ་རྣམ་རྒྱལ། ཕྱག་ཚ་སྐུ་ཕྲེང་བཞི་པ་ཀུན་བཟང་པདྨ་འཕྲིན་ལས་རྒྱ་མཚོ་བཅས་ཀྱི་བུ་སློབ་ཡིན།