ཀཿཐོག་པ་ཡེ་ཤེས་རྒྱལ་མཚན་ནི་ཀཿཐོག་དགོན་གྱི་གདན་རབས་བཅོ་ལྔ་པ་ཡིན་ལ། རྙིང་མའི་མཁས་ཆེན་དམ་པ་ཞིག་ཡིན། ཁོང་ནི་ཀཿཐོག་པ་བྱང་ཆུབ་རྒྱལ་མཚན་གྱི་བུ་སློབ་ཅིག་ཡིན་པ་དང་། དགོན་དེ་ཉིད་ཕྱག་འདེབས་མཁན་དམ་པ་བདེ་གཤེགས་ཀྱི་རྣམ་སྤྲུལ་ཡིན་པར་བཤད། ཁོང་ནི་རིག་པའི་གནས་མཐའ་དག་ལ་ནང་བྱན་ཆུབ་ཡོད་པས། ཀཿཐོག་ལ་ཆོས་སྐོར་གསར་པ་མང་པོ་སྤེལ་བར་མཛད་ཅིང་། ཕྱིས་སུ་ཟུར་བཞུགས་མཛད་དེ་བུ་འབོར་ཕག་མཚོ་རི་ཁྲོད་དུ་བཞུགས།
དཔྱད་གཞིའི་ཡིག་ཆ་ཁག།
'Jam dbyangs rgyal mtshan. 1996.Rgyal ba kaH thog pa’i lo rgyus mdor bsdus.Chengdu: Si khron mi rigs dpe skrun khang, pp. 51-53.