བློ་བཟང་རྒྱལ་མཚན་སེངྒེ་ནི་དགའ་ལྡན་ཁྲི་རབས་ང་གསུམ་པ་རྒྱལ་མཚན་སེངྒེའི་སྤྲུལ་སྐུ་ཡིན། ཁོང་གིས་ལྷ་མོ་དགའ་ལྡན་བཤད་སྒྲུབ་གླིང་དུ་ཐོས་བསམ་མཛད་ཅིང་། དེ་རུ་རྟེན་བཞེངས་ཀྱང་མང་དུ་མཛད། ཕྱིས་སུ་མུ་མཐུད་ནས་འབྲས་སྤུངས་སུ་སློབ་གཉེར་གནང་ཞིང་། གཞན་ཡང་མཁས་གྲུབ་མང་པོ་བསྟེན་ནས་བསླབ་པའི་གནས་ཀུན་ལ་བྱང་ཆུབ་པར་མཛད་པས། རྒྱལ་དབང་སྐུ་ཕྲེང་དགུ་པས་གཟེངས་བསྟོད་དང་འཇའ་ས་གནང་། རྗེས་སུ་དགའ་ལྡན་ཆོས་གླིང་དུ་བཞུགས་ཏེ་ལོ་ངོ་སུམ་ཅུ་ལྷག་ལ་དགའ་ལྡན་བཤད་སྒྲུབ་གླིང་དང་། བཀྲ་ཤིས་ཐེག་ཆེན་གླིང་། རོང་བོ་བདེ་ཆེན་དགོན་བཅས་ཀྱི་སླད་དུ་ཕྱག་ལས་གནང་། དབུས་ཀྱི་དགོན་སྡེ་མང་པོར་དབང་ལུང་མན་ངག་གང་མང་གནང་མྱོང་ལ། སོག་ཡུལ་དུའང་ལྷ་ཁང་དང་རྟེན་བཞེངས་མང་དུ་མཛད་ཅིང་འཆད་ཉན་རྒྱ་ཆེར་སྤེལ།
དཔྱད་གཞིའི་ཡིག་ཆ་ཁག།
Bstan pa bstan 'dzin. 2003.Chos sde chen pod pel ldan 'bras spungs bkra shis sgo mang grwa tshang gi chos 'byung chos dung g.yas su 'khyil ba'i sgra dbyangs.Lhasa: Dpal ldan 'bras spungs bkra shis sgo mang dpe mdzod khang, pp. 322-323.
Don rdor and Bstan 'dzin chos grags. 1993.Gangs ljongs lo rgyus thog gi grags can mi sna. Lhasa: Bod ljongs mi dmangs dpe skrun khang, pp. 826-828.
Grags pa 'byung gnas and Rgyal ba blo bzang mkhas grub. 1992.Gangs can mkhas grub rim byon mingmdzod. Lanzhou: Kan su'u mi rigs dpe skrun khang, pp. 1160-1162; 1351-1353.