རྗེ་དྲུང་ཀུན་དགའ་དཔལ་བ་ནི་དགེ་ལུགས་པའི་དགོན་སྡེ་ཆབ་མདོ་བྱམས་པ་གླིང་གི་གདན་རབས་བཅོ་ལྔ་པ་ཡིན་ལ། མཚུར་སྟོན་ནམ་མཁའ་དཔལ་བ་དང་། ཆབ་མདོ་དགོན་གྱི་གདན་རབས་གསུམ་པ་དང་བཞི་པ་རྗེ་དྲུང་ཤེས་རབ་དཔལ་བརྩེགས་གཉིས་ཀྱི་བུ་སློབ་ཐུ་བོའི་གྲས་ཡིན། ཁོང་ནི་ཁམས་སུ་སྐུ་འཁྲུངས་ཤིང་། དུས་རབས་བཅུ་གཅིག་པའི་བཀའ་གདམས་དགེ་བཤེས་པོ་ཏོ་བ་ཡི་རྣམ་སྤྲུལ་དུ་གསུང་། བྱམས་ཆེན་མཐོང་གྲོལ་ཆེན་མོའི་ལྷ་ཁང་བཞེངས་པ་དང་རིག་པའི་གནས་ལ་མཁས་པར་མཛད་པས་སྙན་གྲགས་ཆེ།
དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 81-82, 516.
'Jigs med rig pa'i blo gros. 1982. Bstan rtsis kun las btus pa. Xining: Mtsho sngon mi rigs dpe skrun khang, p. 228.