རྗེ་དྲུང་མི་གཡོ་བ་གཞོན་ནུ་བློ་གྲོས་ནི་ཆབ་མདོ་བྱམས་པ་གླིང་གི་གདན་རབས་དགུ་པ་ཡིན་ལ། ལོ་ངོ་བརྒྱད་ལ་གདན་ས་བསྐྱངས། ཁོང་གིས་འབྲས་སྤུངས་དགོན་དུ་རྒྱལ་དབང་སྐུ་ཕྲེང་གཉིས་པ་དང་མཁས་གྲུབ་མང་པོ་བསྟེན་ནས་ཐོས་བསམ་རྒྱ་ཆེར་མཛད་པས། པཎ་ཆེན་མི་གཡོ་བ་ཞེས་པའི་མཚན་ཐོགས། ཁོང་གི་གསུང་རྩོམ་ལས་ཕར་ཕྱིན་གྱི་སྤྱི་དོན་ཞེས་བྱ་བ་ནི་ཤིན་ཏུ་གྲགས་ཆེ།
དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d.Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 88-90, 517.