རྗེ་དྲུང་འཇམ་དབྱངས་བཤེས་གཉེན་ནི་ཆབ་མདོ་བྱམས་པ་གླིང་གི་ཁྲི་རབས་བཅུ་གཅིག་པ་ཡིན་ལ། ཁོང་གིས་རྗེ་དྲུང་ཀུན་དགའ་དཔལ་ལྡན་སོགས་བླ་ཆེན་ཁག་ལས་ཐོས་བསམ་མཛད། ཁྲི་པའི་འགན་ལོ་བཞི་ཙམ་ལ་བཞེས་པའི་སྐབས་སུ་དགོངས་པ་རྫོགས།
དཔྱད་གཞིའི་ཡིག་ཆ་ཁག།
Byams pa chos grags. N.d. Chab mdo byams pa gling gi gdan rabs. Chamdo: Chab mdo par 'debs bzo grwa par btab, pp. 96-99, 517.