The Treasury of Lives

བཀྲ་ཤིས་འོད་ཟེར་ནི་རིག་འཛིན་བློ་གསལ་སྙིང་པོའི་ནུ་བོ་ཡིན། བདུད་འདུལ་རྡོ་རྗེའི་སློབ་མ་གཙོ་བོ་ཞིག་ཡིན་ཞིང་། ལོ་མང་རིང་ཀཿཐོག་དགོན་དུ་བཞུགས་ཏེ་རང་གི་བླ་མ་དང་ཐུ་བོའི་གཏེར་ཆོས་རྣམས་འཆད་སྤེལ་རྒྱ་ཆེར་མཛད། ཁོང་གིས་ཕྱོགས་བསྒྲིགས་མཛད་པའི་གཏེར་ཆོས་རྣམས་ཀཿཐོག་དགོན་པའི་གསང་སྔགས་སློབ་གཉེར་གྱི་རྩ་བའི་གཞུང་ལྟ་བུར་གྱུར། ཁོང་ཀཿཐོག་རྨོག་རབས་བཅུ་གསུམ་དུ་གྲགས་པའི་ཡ་གྱལ་ཡིན།


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.

Published September 2012

དཔྱད་གཞིའི་ཡིག་ཆ་ཁག།

'Jam dbyangs rgyal mtshan. 1996. Rgyal ba kaH thog pa'i lo rgyus mdor bsdus. Chengdu: Si khron mi rigs dpe skrun khang, pp. 90. TBRC W20396

Ronis, Jann Michael 2009. Celibacy, Revelations and Reincarnated Lamas: Contestation and Synthesis in the Growth of Monasticism at Katok Monastery from the 17th through19th Centuries. Ph.D. dissertation. University of Virginia.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།