The Treasury of Lives

The Tukwan incarnation line is named for the clan of the First Tukwan, Lobzang Rabten, who was born into a Mongol family of Tuguan chieftains in Amdo in the seventeenth century. The Tukwan seat is at Gonlung, a Geluk monastery in Amdo. The Third Tukwan, Lobzang Chokyi Nyima travelled widely between China, central Tibet and Mongolia, and his extensive writings are well known and include his monumental survey of Asian religious and thought.

Timeline

Biographies

ཐུའུ་བཀྭན་སྐུ་ཕྲེང་དང་པོ་བློ་བཟང་རབ་བརྟན་ནི་པཎ་ཆེན་སྐུ་ཕྲེང་བཞི་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དངོས་སློབ་དང་། ཚད་མའི་གཞུང་ལ་ལྷག་པར་མཁས་པའི་སློབ་དཔོན་ཆེན་པོ་ཞིག་ཡིན། གཙང་བཀྲ་ཤིས་ལྷུན་པོར་སློབ་གཉེར་མཐར་ཕྱིན་མཛད། ཐོག་མར་ཏས་ཐུང་དགོན་གྱི་བླ་མར་འཁོད། དེ་ནས་དགོན་ལུང་བྱམས་པ་གླིང་གི་མཁན་རབས་བཅུ་བདུན་པ་མཛད་དེ་ཡུལ་དགོན་གཉིས་ཀའི་ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཡོད།

ཐུའུ་བཀྭན་སྐུ་ཕྲེང་གཉིས་པ་ངག་དབང་ཆོས་ཀྱི་རྒྱ་མཚོ་ནི་ལྕང་སྐྱ་སྐུ་ཕྲེང་གཉིས་པའི་བུ་སློབ་ཡིན་ལ། དགོན་ལུང་བྱམས་པ་གླིང་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གཉིས་ནས་ཐོས་བསམ་མཛད། ཁོང་གིས་དགོན་ལུང་དགོན་གྱི་ཁྲི་རབས་ཉི་ཤུ་ཉེར་བཞི་པའི་འགན་བཞེས་ཤིང་། རྒྱ་ནག་གོང་མའི་བཀའ་ལྟར་རྒྱལ་དབང་སྐུ་ཕྲེང་བདུན་པའི་ཁྲི་འདོན་མཛད་སྒོ་རྩ་འཛུགས་མཛད། ཕྱིས་སུ་གོང་མ་ལས་མམཚན་ཐོབ་དང་འཇའ་ས་ཡང་བསྩལ། མཚོ་སྔོན་དུས་འཁྲུགས་ཏེ་སོག་པོ་དང་བོད་རིགས་ཀྱིས་ཆིང་གོང་མར་གྱེན་ལོག་བྱས་པས་དགོན་སྡེ་མང་པོར་གོ་ཆག་བྱུང་བ་ཁོང་གིས་བསྐྱར་བཞེངས་མཛད་ཅིང་། དགོན་ལུང་གི་ལྟག་རྒྱབ་ཏུ་རི་ཁྲོད་ཅིག་ཕྱག་བཏབ་ནས་ཚེ་སྨད་དུ་དེ་རུ་བཞུགས་པར་མཛད།

The Third Tukwan, Lobzang Chokyi Nyima spent much of his life traveling between Beijing, Mongolia, and Lhasa. Ethnically Monguor, he spent much of his time in Beijing during the reign of the Qianlong Emperor, serving as one of his closest Buddhist teachers. He was educated in Gonlung Jampa Ling and Drepung Gomang College. He received teachings from many prominent lamas including the Sixth Paṇchen Lama, the First Purchok, the Third Changkya, the Second Jamyang Zhepa and also the Sakya Dakchen. He served as abbot of Zhalu Serkang, Gonlung Jampa Ling, Kumbum monasteries, and established Tarpeling Monastery. He was highly honored by the Lhasa government as well the Chinese Emperor, and was popular in Mongolia. A prolific writer, his collected works number ten volumes.

The Fifth Tukwan

b.1827? - d.1835?

ཐུའུ་བཀྭན་སྐུ་ཕྲེང་དྲུག་པ་བློ་བཟང་དབང་ཕྱུག་བཤད་སྒྲུབ་རྒྱ་མཚོ་ནི་ཐུའུ་བཀྭན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་དགོན་ལུང་བྱམས་པ་གླིང་དུ་བཞུགས་ཤིང་། སྐུ་འབུམ་ནས་ཀྱང་ཐོས་བསམ་མཛད། ཐུའུ་བཀྭན་སྐུ་ཕྲེང་གོང་མ་དག་ལྟར་ཁོང་ཡང་མན་ཇུ་གོང་མའི་བཀའ་ལྟར་པེ་ཅིང་དུ་ཡུན་རིང་བཞུགས་ཏེ། འཆད་ཉན་སྤེལ་ཅིང་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་བསྒྲུབས། དགོན་ལུང་དུ་ལྷ་ཁང་དང་རྟེན་བཞེངས་མང་དུ་མཛད་པར་གྲགས།