The Treasury of Lives

The Kondor line is a Geluk incarnation line dating from the sixteenth century and based at Chamdo Jampaling. It originated when the Second Kondor Tulku, Jewon Konchok Dorje, was identified as the reincarnation of Khedrub Shākya Lhawang, an abbot of Tashi Pende Monastery in Nyangpo. The Kondor line has had strong connections -- and often blood relations -- with the Zhiwa Lha and Pakpa Lha lines, the presiding lamas of Chamdo Jampaling.

Timeline

Biographies

དཀོན་རྡོར་སྤྲུལ་སྐུ་སྐུ་ཕྲེང་ དང་པོ་མཁས་གྲུབ་ཤཱཀྱ་ལྷ་དབང་ནི་འཕགས་པ་ལྷ་སྐུ་ཕྲེང་ གཉིས་པ་དང་། ཞི་བ་ལྷ་སྐུ་ཕྲེང་གསུམ་པ་དང་བཞི་པ་བཅས་ཀྱི་ཉེ་འབྲེལ་ ཡིན། ཉང་ཡུལ་ཕན་བདེ་དགོན་གྱི་མཁན་པོ་མཛད། དེར་འདུ་ཁང་དང་ལྷ་ཁང་གསར་རྒྱག་ དང་། ཕྱག་དཔེ་དཔར་སྐྲུན། སྐུ་བརྙན་གསར་བཞེངས་སོགས་དགོན་ པའི་རྟེན་དང་བརྟེན་པ་བཅས་པར་སྨ ན་པའི་ཞབས་འདེགས་རྒྱ་ཆེར་བསྒྲུ བས། དཔལ་ཧེ་རུ་ཀའི་བརྒྱུད་པ་ཉམས་གསོ ་དཔྱིས་ཕྱིན་མཛད། ཁོང་དགོངས་པ་རྫོགས་ཏེ་དཀོན་རྡོ ར་སྐུ་ཕྲེང་གཉིས་པ་རྗེ་དབོན་དཀོན་མཆོག་རྡོ་ རྗེ་ཡང་སྲིད་དུ་ངོས་འཛིན་བྱུ ང་རྗེས་བསྡུས་མིང་དཀོན་རྡོར་ཞེ ས་པ་སྤྲུལ་སྐུ་སྔ་ཕྱི་ན་རིམ་རྣ མས་ལ་སྦྱར། 

དཀོན་རྡོར་སྐུ་ཕྲེང་གཉིས་པ་བློ་བཟང་དབང་ཕྱུག་ལ་དཀོན་མཆོག་རྡོ་རྗེ་ཞེས་ཀྱང་ཞུ། ཁོང་ནི་འཕགས་པ་ལྷ་སྐུ་ཕྲེང་ལྔ་པའི་དབོན་ཚ་ཡིན། ཁོང་གིས་ཐོག་མར་ཁམས་དང་ཕྱིས་སུ་སེ་ར་དགོན་དུ་སློབ་གཉེར་མཛད། པཎ་ཆེན་སྐུ་ཕྲེང་ལྔ་པ་དང་རྒྱལ་དབང་སྐུ་ཕྲེང་བདུན་པ། འཕགས་པ་ལྷ་སྐུ་ཕྲེང་ལྔ་པ་སོགས་བོད་ཀྱི་བླ་ཆེན་ཁག་ལས་ཐོས་བསམ་མཛད། 

དཀོན་རྡོར་སྤྲུལ་སྐུ་སྐུ་ཕྲེང་ གསུམ་པ་ཕྱོགས་ལས་རྣམ་རྒྱལ་ནི་ཆབ་མདོ་བྱམས་པ་གླིང་ དགོན་པའི་མཁན་རབས་ཉེར་བཞི་པ་ཡི ན། ཁོང་ཁམས་ཕྱོགས་སུ་སྐུ་འཁྲུངས། ཞི་བ་ལྷ་སྐུ་ཕྲེང་བཞི་པ་དང་། འཕགས་པ་ལྷ་སྐུ་ཕྲེང་བདུན་པ་བཅས་རྣམ་གཉིས་ཀྱི་དྲུང་དང་། དེ་བཞིན་སེ་ར་དགོན་པ་བཅས་སུ་སློབ་གཉེར་ གནང་།

དཀོན་རྡོར་སྤྲུལ་སྐུ་སྐུ་ཕྲེང་ བཞི་པ་བློ་བཟང་འཇམ་དཔལ་བསྟན་འཛི ན་རྣམ་རྒྱལ་ནི་ཆབ་མདོ་དགོན་གྱི་དགེ་ལུགས་པའི་བླ་ མ་གྲགས་ཆེ་བ་འཕགས་པ་ལྷ་སྐུ་ཕྲེ ང་བརྒྱད་པ་དང་། ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་བདུ ན་པ།ཞི་བ་ལྷ་སྐུ་ཕྲེང་ལྔ་པ་སོགས་ཀྱི་སློབ་མ་ཡིན། ཁོང་ལྷ་སར་སློབ་གཉེར་གནང་། རྗེས་སུ་ཆུ་བར་རི་ཁྲོད་ཕྱག་བཏབ། སྐུ་ཚེ་སྨད་ལ་རི་ཁྲོད་དེར་མཚམས་ བསྙེན་སྒྲུབ་ཁོ་ན་བསྡམས་ཏེ་བཞུ གས། 

དཀོན་རྡོར་སྐུ་ཕྲེང་ལྔ་པ་བློ་བཟང་རྣམ་རྒྱལ་བསྟན་འཛིན་ལྷུན་གྲུབ་ནི་ཆབ་མདོ་བྱམས་པ་གླིང་གི་གདན་རབས་སུམ་ཅུ་པ་ཡིན་ལ། སྤྱི་ལོ ༡༩༣༨ ལོ་ནས ༡༩༥༠ ལོ་བར་གདན་ས་བསྐྱངས། ཁོང་གིས་ཁམས་དང་ལྷ་ས་རུ་ལྕགས་ར་སྐུ་ཕྲེང་བརྒྱད་པ་དང་། ཞི་བ་ལྷ་སྐུ་ཕྲེང་དྲུག་པ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ། ཕ་བོང་ཁ་སྐུ་ཕྲེང་དང་པོ། དགེ་བཤེས་བྱམས་པ་མཐའ་ཡས་སོགས་ལས་ཐོས་བསམ་མཛད།