The Treasury of Lives

The Dzonkar incarnation has its seat at Dzongkar Monastery in Amdo. The First Dzongkar was Sherab Tashi, who founded in the monastery in 1683. He was also known as the First Maṇipa, a title which is also held by subsequent Dzongkar Tulkus. 

Timeline

Biographies

ཤེས་རབ་བཀྲ་ཤིས་ནི་ཨ་མདོ་རེབ་གོང་ཡུལ་གྱི་དགེ་ལུགས་དགོན་སྡེ་གཙོ་ཤོས་རོང་བོ་དགོན་ཆེན་གྱི་གདན་རབས་དྲུག་པ་ཡིན་ལ། ཁོང་གིས་རོང་བོ་དགོན་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐོས་བསམ་མཛད།

བློ་བཟང་མཁས་མཆོག་ནི་མ་ཎི་པ་ཤེས་རབ་བཀྲ་ཤིས་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད་པ་ཡིན་ལ། ཁོང་གིས་འབྲས་སྤུངས་སྒོ་མང་དགོན་དུ་ཐོས་བསམ་མཛད་ཅིང་། ཕྱིས་སུ་ཁོང་གི་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་རྫོང་དཀར་དགོན་སྐྱོང་བཞིན་བཞུགས་པ་རེད།

དགེ་འདུན་དཀོན་མཆོག་བློ་བཟང་བསྟན་འཛིན་ནི་ཨ་མདོ་རྫོང་དཀར་དགོན་གྱི་རྫོང་དཀར་སྤྲུལ་སྐུའམ་མ་ཎི་པ་སྐུ་ཕྲེང་གསུམ་པ་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཞི་པ་ལས་རབ་ཏུ་བྱུང་ཞིང་། གུང་ཐང་སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་པའི་སྒྲོན་མེའི་བུ་སློབ་ཡིན།

བློ་བཟང་ཆོས་ཀྱི་རྒྱ་མཚོ་ནི་ཨ་མདོ་རྫོང་དཀར་དགོན་གྱི་རྫོང་དཀར་སྤྲུལ་སྐུའམ་མ་ཎི་པ་སྐུ་ཕྲེང་བཞི་པ་ཡིན་ལ། ཁོང་གིས་རོང་བོ་དགོན་ཆེན་དུ་ཐོས་བསམ་མཛད།

བློ་བཟང་ཆོས་འཕེལ་རྒྱ་མཚོ་ནི་ཨ་མདོ་རྫོང་དཀར་དགོན་གྱི་རྫོང་དཀར་སྤྲུལ་སྐུའམ་མ་ཎི་པ་སྐུ་ཕྲེང་ལྔ་པ་ཡིན།