The Treasury of Lives

The Dzogchen Kongtrul is a Nyingma incarnation line based at Dzogchen Monastery in Kham. The First Dzogchen Kongtrul, Konchok Tenpai Gyeltsen, was one of five recognized reincarnations of Jamgon Kongtrul Yonten Gyatso, a teacher of the Fifth Dzogchen Drubwang. Some enumerations of the incarnation line list Jamgon Kongtrul as the First and Konchok Tenpai Gyeltsen as the Second Dzogchen Kongtrul.

Timeline

Biographies

Jamgon Kongtrul Lodro Taye

b.1813 - d.1899

འཇམ་མགོན་ཀོང་སྤྲུལ་ནི་བོད་ཀྱི་ལོ་རྒྱུས་སུ་མཁས་དབང་ཆེན་པོ་ཞིག་ལ་ངེས་འཛིན་བཞིན་ཡོད། ཁོང་ནི་ཀརྨ་བཀའ་བརྒྱུད་ཀྱི་བླ་མ་ཞིག་དང་གྲུབ་མཐའ་རིས་མེད་ལ་དོན་གཉེར་བྱེད་མཁན་གྱི་མིག་དཔེ་ལྟ་བུ་ཞིག་ཡིན། ཁོང་གིས་ས་སྐྱ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་རྙིང་མའི་གཏེར་སྟོན་མཆོག་གྱུར་གླིང་པ་གཉིས་དང་ཟུང་འབྲེལ་སྒོས་གནས་སྒོ་དང་གཏེར་སྒོ་མང་དུ་ཕྱེས་པ་རེད། ཁོང་གི་གསུང་རྩོམ་ཁག་ལ་མཛོད་ཆེན་པོ་ལྔ་ཡོད་ལ། དེ་རུ་བོད་བརྒྱུད་ནང་བསྟན་གྱི་རྣམ་བཞག་དང་ཆོ་ག་ཕྱག་ལེན་སོགས་བརྗོད་བྱ་མང་དུ་འདུ་ཞིང་། ཉམས་ལ་ཉེ་བའི་བོད་བརྒྱུད་ནང་བསྟན་གྱི་ཕྱག་ལེན་མང་པོ་ཞིག་ཉར་ཚགས་བྱས་པ་རེད། ཁོང་ནི་ཐོག་མར་སྡེ་དགེའི་དཔལ་སྤུངས་དགོན་དུ་བཞུགས་ཤིང་། ཕྱིས་སུ་སྒྲུབ་སྡེ་ཙཱ་འདྲ་རིན་ཆེན་བྲག་ཕྱག་བཏབ་པས་དེ་ཉིད་ཁོང་གི་གདན་སར་གྱུར། ཁོང་ཚེ་ལས་འདས་རྗེས་སྤྲུལ་སྐུའི་སྐུ་ཕྲེང་མི་འདྲ་བ་འགའ་བྱུང་ཡོད་དེ། གཙོ་ཤོས་དཔལ་སྤུངས་དགོན་གྱི་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་དང་། རྫོགས་ཆེན་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན། འཛི་སྒར་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་སོགས་ཡོད།

དཀོན་མཆོག་བསྟན་པའི་རྒྱལ་མཚན་ནི་རྫོགས་ཆེན་དགོན་གྱི་རྫོགས་ཆེན་ཀོང་སྤྲུལ་སྐུ་ཕྲེང་དང་པོ་ཡིན་ལ། འཇམ་དབྱངས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལ་སྤྲུལ་སྐུ་ལྔ་བྱུང་བའི་གྲས་ཀྱི་གཅིག་ཡིན། ཁོང་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་ལྔ་པའི་བུ་སློབ་དང་། རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་དྲུག་པའི་དགེ་རྒན་ཡིན།

དཀོན་མཆོག་འཇིགས་མེད་དབང་པོ་ནི་ཁམས་རྫོགས་ཆེན་དགོན་གྱི་རྫོགས་ཆེན་ཀོང་སྤྲུལ་སྐུ་ཕྲེང་གཉིས་པ་ཡིན།