The Treasury of Lives

The Dzogchen Drubwang incarnations are the heads of Dzogchen Monastery in Derge, one of the six main Nyingma monasteries in Tibet. The line began in the seventeenth century with the treasure revealer Pema Rigdzin, who established the Dzogchen Monastery, which became a center for the Longchen Nyingtik teachings. The fifth incarnation, Tubten Chokyi Dorje, established Dzogchen Monastery’s monastic college, Śrī Siṃha.

Timeline

Biographies

རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་དང་པོ་པདྨ་རིག་འཛིན་གྱིས་རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐུལ་མ་དང་སྡེ་དགེ་ལྷུན་གྲུབ་སྟེང་དགོན་གྱི་ཁྲི་པ་སངས་རྒྱས་བསྟན་པའི་སྦྱིན་བདག་གནང་བར་བརྟེན་ནས་རྫོགས་ཆེན་དགོན་ཕྱག་བཏབ། ཁོང་ནི་ཀརྨ་བཀའ་བརྒྱུད་ཀྱི་བླ་ཆེན་ཀརྨ་ཆགས་མེད་ཀྱི་བུ་སློབ་གྲས་ཀྱི་ཐུ་བོ་ཡིན་ལ། རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་དང་པོ་ཉི་མ་གྲགས་པ་དང་། ཞེ་ཆེན་རབ་འབྱམས་པ་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་གཉིས་ཀྱི་ཡོངས་འཛིན་ཡིན། ཁོང་གིས་སྐུ་ཚེ་ཕལ་ཆེ་བ་ནི་སྟོད་མངའ་རིས་ནས་ཁོང་གི་འཁྲུངས་ཡུལ་ཁམས་ཀྱི་བར་དུ་སྒོམ་སྒྲུབ་དང་འཆད་ཉན་སྤེལ་བཞིན་མཐའ་འཁྱོལ་ཞིང་། ཁོང་ནི་གཏེར་སྟོན་དག་ལ་དད་ཅིང་གཏེར་ཆོས་ཀྱི་ཆོས་རྒྱུད་དུ་མ་རྒྱུད་འཛིན་ཅིང་། ཁོང་ཡང་གཏེར་སྟོན་ཞིག་ཡིན་པས་རྫོགས་ཆེན་གྱི་ཆོས་སྐོར་དུ་མ་གཏེར་ལས་བཞེས།

རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནི་ཁམས་རྫོགས་ཆེན་དགོན་པའི་མཁན་རབས་གསུམ་པ་ཡིན་ཞིང་། ཕྱི་ལོ་༡༧༢༦ ནས་སྐུ་དགོངས་པ་མ་རྫོགས་པའི་དུས་ཡུན་ཐུང་ངུའི་བར་མཁན་པོའི་ཁྲི་ལ་བཞུགས། ཁོང་གི་མཁན་པོའི་ལས་ཡུན་ནང་གི་ཕྱི་ལོ་༡༧༥༣ ལོར་དགོན་པར་མེའི་འཇིགས་པ་ཆེན་པོ་བྱུང་བར་བསྐྱར་བཞེངས་ཉམས་གསོ་དཔྱིས་ཕྱིན་མཛད། དེ་བཞིན་ཕྱི་ལོ་༡༧༢༩ ལོར་སྡེ་དགེ་པར་ཁང་གསར་འཛུགས་ཐད་མཐུན་འགྱུར་གང་འོས་གནང་། ཁོང་ནི་རྫོགས་ཆེན་དགོན་གྱི་མཁན་རབས་གཉིས་པའི་གོ་དབང་འཛིན་པ་རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་དང་པོ་ནམ་མཁའ་འོད་གསལ་གྱི་ཐུགས་སྲས་ཡིན་ཞིང་། དབུས་ཁུལ་གྱི་རྙིང་མའི་བླ་མ་གཙོ་ཆེ་བ་གཏེར་བདག་གླིང་པ་དང་ལོ་ཆེན་དརྨ་ཤྲཱི་སོགས་ཀྱི་དྲུང་ནས་ཀྱང་རབ་བྱུང་གི་སྡོམ་པ་དང་ཆོས་ཀྱི་ཁྲིད་ལུང་སོགས་མང་དུ་ཞུས།  

རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ནི་ཁམས་རྫོགས་ཆེན་དགོན་པའི་མཁན་རབས་ལྔ་པ་ཡིན་ཞིང་། ཕྱི་ལོ་༡༧༧༣ ནས་སྐུ་དགོངས་པ་མ་རྫོགས་ཀྱི་བར་མཁན་པོའི་ཁྲི་ལ་བཞུགས། ཁོང་གི་མཁན་པོའི་དུས་ཡུན་ནང་བར་དོ་ཐོས་གྲོལ་ཆེན་མོ་ཐོག་མར་པར་དུ་བཏབ།

མི་འགྱུར་ནམ་མཁའི་རྡོ་རྗེ་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་བཞི་པ་དང་། ཁམས་རྫོགས་ཆེན་དགོན་གྱི་མཁན་རབས་བདུན་པ་ཡིན། ཁོང་རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོའི་སློབ་མ་ཡིན་ཞིང་། ཁམས་ཁུལ་དུ་རྫོགས་པ་ཆེན་པོའི་གྲུབ་པ་འཛིན་པའི་སྐྱེས་ཆེན་བཅུ་ཕྲག་བརྒལ་བ་རྗེས་སུ་བཟུང་ཞེས་རྒྱ་ཆེར་བསྔགས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པའི་ཉེ་འབྲེལ་ཡིན་པ་ཙམ་དུ་མ་ཟད་། འབྲེལ་བའང་དམ་ཟབ་བསྐྱངས། ཕྱི་ལོ་༡༨༤༢ ལོར་རྫོགས་ཆེན་དགོན་པར་ས་འགུལ་གྱི་འཇིགས་པ་ཆེན་པོ་བྱུང་བར་ཁོང་ནས་སྡེ་དགེ་རྒྱལ་པོའི་རྒྱུ་སྦྱོར་ཡོན་འབུལ་ལ་བརྟེན་ནས་དགོན་པ་ཉམས་གསོ་མཛད།

The Fifth Dzogchen Drubwang, Tubten Chokyi Dorje was instrumental in building Dzogchen Monastery’s Śrī Siṃha monastic college into a major center of learning. Having received teachings from many of the most prominent lamas of his era, he passed on the Dzogchen teachings to countless twentieth century Nyingma lamas of Kham and Amdo.

ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་དྲུག་པ་ཡིན་ལ། ལྷ་སའི་ཉེ་འཁོར་གྱི་རྫོགས་ཆེན་སྐུ་ཕྲེང་གོང་མའི་བུ་སློབ་ཅིག་གི་ཁྱིམ་དུ་སྐུ་འཁྲུངས། ཁོང་ནི་མཁས་པ་གྲགས་ཆེན་ཞིག་ཡིན་ནའང་སྤྱི་ལོ ༡༩༥༩ ལོར་ལོ་ན་གཞོན་དུས་སྐུ་གཤེགས།