The Treasury of Lives

The Drukchen incarnation line, also known as the Gyelwang Drukpa, originated in the fifteenth century when the Gya clan that controlled Ralung Monastery identified a boy of the clan, Kunga Peljor, as the reincarnation of the monastery's founder, Tsangpa Gyare Yeshe Dorje, and gave him the title of the Second Drukchen. The Third Drukchen was found outside of the Gya clan, which continued to control Ralung, and henceforth the line was based elsewhere.

Timeline

Biographies

གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ནི་ཕྱི་ལོ་༡༡༨༠ ལོར་ཉིད་ཀྱིས་ཕྱག་བཏབ་པའི་རྭ་ལུང་དགོན་པ་གཙོས་དགོན་ཁག་གསུམ་གྱི་ཡ་གྱལ་འབྲུག་དགོན་པ་ལས་མཚན་ཐོགས་པའི་དཔལ་འབྲུག་པ་བཀའ་བརྒྱུད་ཅེས་པའི་ལུགས་ཀྱི་སྲོལ་འབྱེད་པ་པོ་ཡིན། ཁོང་ཕྱི་ལོ་བརྒྱ་ཕྲག་བཅུ་བདུན་བར་རྭ་ལུང་ས་ཁུལ་ལ་མངའ་དབང་བསྒྱུར་བའི་རྒྱ་ཞེས་པའི་ཁྱིམ་བརྒྱུད་དུ་སྐུ་འཁྲུངས། རྗེ་ཕག་མོ་གྲུ་པའི་སློབ་མ་གླིང་རས་པའི་ཐུགས་སྲས་རྣམས་ཀྱི་གཙོ་བོར་གྱུར། ཁོང་འབྲུག་ཆེན་སྐུ་ཕྲེང་རིམ་བྱོན་གྱི་དང་པོར་བགྲངས་ཀྱང་། འབྲུག་ཆེན་སྐུ་ཕྲེང་གཉིས་པ་ནི་ཁོང་མྱ་ངན་ལས་འདས་ནས་ལོ་ངོ་བརྒྱ་ཕྲག་འགའི་རྗེས་རྒྱའི་སྐུ་བརྒྱུད་ཆད་པའི་སྐབས་ཙམ་ལས་སྐུ་མ་བལྟམས། ཁོང་གིས་ཕྱག་དཔེ་ཁག་གཅིག་མཛད་ཅིང་དེའི་ནང་ནས་གྲགས་ཆེ་བ་ནི་ཆོས་མཐུན་བླང་དོར་གྱི་གནད་བསྟན་པའི་ཉམས་མགུར་རྣམས་ཡིན། དེ་བཞིན་ཁོང་གིས་ཏི་ཕུ་པས་རས་ཆུང་པ་ལ་གདམས་པའི་རོ་སྙོམ་སྐོར་དྲུག་སོགས་གཏེར་ཆོས་ཁག་གཅིག་ཀྱང་གཏེར་ནས་དྲངས་པར་བཤད། 

འབྲུག་ཆེན་སྐུ་ཕྲེང་གཉིས་པ་ཀུན་དགའ་དཔལ་འབྱོར་ནི་ར་ལུང་དགོན་གྱི་ཁྲི་རབས་བཅུ་གསུམ་པ་ཡིན་ལ། ར་ལུང་དགོན་གྱི་ཁྲི་རབས་བཅུ་གཉིས་པ་ཤེས་རབ་བཟང་པོའི་གདུང་སྲས་ཡིན། ཁོང་ནི་འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་གཙང་པ་རྒྱ་རས་ཀྱི་སྤྲུལ་སྐུར་ངོས་བཟུང་། ཁོང་གིས་དྭགས་ལྷ་སྒམ་པོར་ཁྲི་པའི་འགན་ཡང་བཞེས་མྱོང་པ་རེད། 

Jamyang Chodrak, the Third Drukchen, was born into the Ja family rather than the Gya clan that had held the lineage of Ralung Monastery since it was founded by Tsangpa Gyare. Because of this he was not permitted to ascend to the throne of Ralung and he established the monastery of Tashi Tongmon in Loro as his seat. In addition to the Drukpa Kagyu teachings, he was particularly involved in the Rechung Nyengyu tradition.