The Treasury of Lives

A Geluk incarnation line dating from the fifteenth century with its seat at Chamdo Jampa Ling in Chamdo. The Chakra tulkus are said to be emanations of Vajrapāṇi. The First Chakra Tulku Sanggye Peljor was the nephew and disciple of the First Pakpa Lha, whom he assisted in establishing numerous monasteries across Southeastern Tibet.

Timeline

Biographies

ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་དང་པོ་སངས་རྒྱས་དཔལ་འབྱོར་ནི་ཕྱི་ལོ་བརྒྱ་ཕྲག་བཅོ་ ལྔ་པའི་སྨད་དང་བཅུ་དྲུག་པའི་བཞི ་ཆ་དང་པོའི་ནང་བྱོན་པའི་བོད་ཤར་ ཕྱོགས་ཆབ་མདོ་ཡུལ་གྱི་བླ་མ་ཞིག་ ཡིན། ཁོང་འཕགས་པ་ལྷ་སྐུ་ཕྲེང་དང་པོའིསྐུ་ཚ་དང་སློབ་མ་ཡིན་ཞིང་། འཕགས་པ་ལྷས་བོད་ལྷོ་ཤར་ཁུལ་དུ་ དགོན་པ་མང་པོ་ཕྱག་འདེབས་སྐབས་ ཞབས་འདེགས་རྒྱ་ཆེར་བསྒྲུབས། ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་རིམ་ བྱོན་རྣམས་ཕྱག་ན་རྡོ་རྗེའི་རྣམ་ སྤྲུལ་ཡིན་པར་བཤད།

ལྕགས་ར་སྐུ་ཕྲེང་གཉིས་པ་ཆོས་རྗེ་ངག་དབང་ནི་འཕགས་པ་ལྷ་སྐུ་ཕྲེང་གཉིས་པའི་བུ་སློབ་ཅིག་ཡིན་ལ། ཁམས་སུ་ཁོང་ཉིད་མཚན་སྙན་ཤིན་ཏུ་རྒྱས་པ་དང་དགོན་སྡེ་དུ་མའི་ཁྲི་པ་མཛད།

ལྕགས་ར་སྐུ་ཕྲེང་གསུམ་པ་ངག་དབང་ཆོས་འབྱོར་བཟང་པོ་ནི་འཕགས་པ་ལྷ་སྐུ་ཕྲེང་གསུམ་པ་མཐོང་བ་དོན་ལྡན་གྱི་བུ་སློབ་ཡིན་ལ། དགུང་ལོ་བཅུ་གཉིས་སྟེང་སྐུ་གཤེགས། 

ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་བཞི་ པ་ངག་དབང་འཕྲིན་ལས་བཟང་པོ་ནི་འཕགས་པ་ལྷ་སྐུ་ཕྲེང་ བཞི་པའི་གཅུང་པོ་ཡིན། ༸པཎ་ཆེན་སྐུ་ཕྲེང་བཞི་པ་དང་། ཞི་བ་ལྷ་སྐུ་ཕྲེང་གཉིས་པ་སོགས་བླ་ཆེན་དུ་མའི་དྲུང་ ནས་ཆོས་གསན། དེ་བཞིན་༸པཎ་ཆེན་སྐུ་ཕྲེང་བཞི་ པའི་ས་ནས་བསྙེན་རྫོགས་ཀྱི་སྡོ མ་པ་བླངས། དེ་ནས་ཆབ་མདོ་བྱམས་པ་གླིང་གི་མཁན་རབས་བཅུ་བདུན་པའི་ ཁྲིར་ཕེབས་ནས་མཁན་པོ་ལོ་གཉིས་ མཛད། དེར་ཁོང་ནས་འཕགས་པ་ལྷ་སྐུ་ཕྲེང་ ལྔ་པ་རྗེས་སུ་བཟུང་། ཁམས་ཀྱི་ལྕགས་ར་དགོན་སོགས་དགོན་པ་ཁག་གཅིག་ གི་མཁན་པོ་ཡང་མཛད།

ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་ལྔ་ པ་ངག་དབང་བསྟན་འཛིན་ལྷུན་གྲུ བ་ནི་ཆབ་མདོ་བྱམས་པ་གླི ང་གི་མཁན་རབས་ཉི་ཤུ་པ་ཡིན། ཁོང་འབྲས་བློ་གླིང་གྲྭ་ཚང་དུ་སློ བ་གཉེར་གནང་། འཕགས་པ་ལྷ་སྐུ་ཕྲེང་ལྔ་པ་དང་། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོསོགས་ཀྱི་དྲུང་ནས་ཆོས་ གསན། ༸པཎ་ཆེན་སྐུ་ཕྲེང་ལྔ་པའི་དྲུང་ནས་སྡོམ་པ་བླངས། འཕགས་པ་ལྷ་སྐུ་ཕྲེང་དྲུག་པ་རྗེས་སུ་བཟུང་། བྱམས་པ་གླིང་དགོན་པའི་མཁན་པོར་ཕེབས་ཏེ་སྐུ་ བརྙན་གསར་བཞེངས་དང་། གསེར་དང་དངུལ་ལས་གྲུབ་པའི་རྒྱལ་ བའི་བཀའ་འགྱུར་དཔར་སྐྲུན། དེ་བཞིན་སྐུ་གསུང་ཐུགས་ཀྱི་རྟེ ན་མཐའ་ཡས་པ་བཞེངས་སྐྲུན་སོགས་ མཛད། 

ངག་དབང་འཕྲིན་ལས་དཔལ་བཟང་ནི་ལྕགས་ར་སྐུ་ཕྲེང་དྲུག་པ་ཡིན་ལ། རྒྱལ་དབང་སྐུ་ཕྲེང་བདུན་པ་དང་སེ་ར་ཐེག་ཆེན་གླིང་གི་མཁས་ཆེན་དུ་མ་ལས་ཐོས་བསམ་མཛད། རྒྱ་ནག་གོང་མ་དང་རྒྱལ་དབང་སྐུ་ཕྲེང་བདུན་པས་ཧོ་ཐོག་ཐུ་ཞེས་པའི་མཚན་དང་འཇའ་ས་བསྩལ། ཁོང་གིས་ལྡན་ཆོས་འཁོར་གླིང་དུ་ཁྲི་བའི་འགན་བཞེས་ཤིང་། ལྕགས་ར་དགོན་ཡང་ཆབ་མདོ་བྱམས་པ་གླིང་ལ་ཕུལ་ནས་གཞི་གཅིག་ཏུ་བསྒྲིལ།

ལྕགས་རྭ་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་ངག་དབང་དཔལ་ལྡན་རྒྱལ་མཚན་ཆོས་ཀྱི་དབང་ཕྱུག་ནི་ཆབ་མདོ་བྱམས་པ་གླིང་དགོན་པའི་()མཁན་པོ་ཞི་བ་ལྷ་སྐུ་ཕྲེང་བཞི་པ་དང་། དཀོན་རྡོར་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་གཉིས་ཀྱི་སློབ་མ་ཡིན། ཁོང་ལྷ་སའི་ཉེ་འགྲམ་གྱི་སེ་ར་དགོན་པར་གསན་བསམ་སློབ་གཉེར་གནང་། ༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་དྲུང་ནས་ཆོས་མང་དུ་གསན།

ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་བརྒྱ ད་པ་ངག་དབང་བསྟན་པའི་འབྱུང་ གནས་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་ནི་སྐུ་རབས་གོང་མ་རྣ མས་དང་མི་འདྲ་བར་མངོན་ཤེས་དང་རྟོ གས་པ་ལྡན་པའི་གསང་སྔགས་ཀྱི་གྲུ བ་པ་འཛིན་པའི་ཉམས་ལེན་པ་ཞིག་ཡི ན་པར་བཤད། ཕྱི་ལོ་༡༩༡༢ ལོར་ཆབ་མདོ་དགོན་པ་མེས་འཇིགས་པའི་དོན་རྐྱེ ན་རྣམས་ཁོང་གིས་སྔོན་ཚུད་ནས་ལུ ང་བསྟན་མཛད་ཡོད་པར་གྲགས། འཕགས་པ་ལྷ་སྐུ་ཕྲེང་བཅུ་པསྐུ་ན་ཕྲ་བའི་སྐབས་ཁོང་ནས་ ཆབ་མདོ་ཁུལ་གྱི་ཆབ་སྲིད་ཀྱི་ འགན་དབང་ཡུན་ཙམ་བཞེས། ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་རིམ་ བྱོན་རྣམས་ཕྱག་ན་རྡོ་རྗེའི་རྣམ་ སྤྲུལ་ཡིན་ཞེས་གྲགས།

ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་དགུ་ པ་བློ་བཟང་འཕྲིན་ལས་རྣམ་རྒྱ ལ་ནི་སྐུ་ཚེ་ཐུང་ངུ་ལས་མ་ བཞུགས། ཁོང་སྐུ་རབས་གོང་མ་རྣམས་ཀྱི་ གདན་ས་ཆབ་མདོ་བྱམས་པ་གླིང་དུ་ཆོས་ཞུགས་སློབ་གཉེར་ མཛད།  

ལྕགས་ར་སྐུ་ཕྲེང་བཅུ་པ་འཇམ་དཔལ་སྐལ་བཟང་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་ནི་ཁམས་སུ་སྐུ་འཁྲུངས་ཤིང་། ཁྲི་བྱང་རིན་པོ་ཆེ་སྐུ་ཕྲེང་གསུམ་པས་ཐུགས་ཐག་བཅད། ཆབ་མདོ་རུ་ཐོས་བསམ་མཛད་བཞིན་པའི་མུར་དགུང་ལོ་བཅུ་དྲུག་སྟེང་སྐུ་གཤེགས།