The Treasury of Lives

རྐང་ཚ་རྡོ་རྗེ་རབ་བརྟན་ནི་རྫོགས་ཆེན་ཤྲི་སིཾཧ་བཤད་གྲྭའི་མཁན་རབས་བཅུ་པ་ཡིན། རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། མཁན་ཆེན་པདྨ་བཛྲའི་ཐུགས་སྲས་ཀྱང་ཡིན། ཁོང་གིས་རྫོགས་ཆེན་དགོན་པའི་འཆམ་ཡིག་ལྗགས་རྩོམ་གནང་། དེ་བཞིན་རྫོགས་ཆེན་དགོན་ལག་མང་པོར་ཕེབས་ཏེ་ཆོས་འབྲེལ་ཡང་བསྐྱངས། 


Samten Chhosphel earned his PhD from CIHTS in India where he served as the head of Publication Dept. for 26 years. He has a Master’s degree in Writing and Publishing from Emerson College, Boston. Currently he is an adjunct Assistant Professor at the City University of New York, and Language Associate in Columbia University, NY.

Published September 2012

དཔྱད་གཞིའི་ཡིག་ཆ་ཁག།

Bstan 'dzin lung rtogs nyi ma. 2004.Rkang tsha'i mkhan po rdo rje rje rab brtan (mkhan rabs 10). InSnga 'gyur rdzogs chen chos 'byung chen mo.Beijing: Krong go'i bod rigs dpe skrun khang, pp. 423-424.TBRC W27401

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།