The Treasury of Lives

The Chakri Nyidrak line of incarnations, aslo known as the Nyitrul line, originated with Terchen Nyima Drakpa, the prolific seventeenth-century treasure revealer. The line's seats are at Tamogang Kelzang Puntsok Ling and Sindzong Osel Drubde Chakri monasteries.

Timeline

Biographies

Nyima Drakpa

b.1647 - d.1710

ཉི་མ་གྲགས་པ་ནི་ཤུགས་རྐྱེན་དང་སྙན་གྲགས་ཆེ་བའི་ཁམས་ཀྱི་གཏེར་སྟོན་ཞིག་ཡིན། ཁོང་གིས་མཐུ་བཏང་ནས་ཀརྨ་པ་སྐུ་ཕྲེང་བཅུ་པ་དཀྲོངས་པར་སྐྱོན་འཛུགས་བྱེད་ཀྱིན་ཡོད་ཅིང་། ཆོ་ག་དང་ཕྱག་ལེན་ལ་ཤིན་ཏུ་ཞིབ་ཆ་ཅན་གྱི་མི་སྣ་རྩོད་གཞི་ཅན་ཞིག་ཡིན། ཆེས་ཐོག་མར་བར་དོ་ཐོས་གྲོལ་ཚད་ལྡན་དང་ཁྱབ་བརྡལ་དུ་བཏང་བས་སྙན་པའི་གྲགས་པ་གང་སར་ཁྱབ།

པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནི་གཏེར་ཆེན་ཉི་མ་གྲགས་པའི་ཡང་སྲིད་ཡིན། རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་དང་པོ་ནམ་མཁའ་འོད་གསལ་གཉིས་ཀྱི་སློབ་མ་ཡང་ཡིན། ཁོང་སྲིན་རྫོང་འོད་གསལ་སྒྲུབ་སྡེར་བཞུགས་ཏེ་དེར་དགོན་པའི་བཅའ་ཡིག་ཅིག་བརྩམས།

ཉི་གྲགས་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་མི་འགྱུར་ཕན་བདེ་རྒྱ་མཚོ་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་སློབ་མ་ཡིན། ཉི་གྲགས་སྐུ་རབས་རིམ་བྱོན་གྱི་གདན་ས་སྲིན་རྫོང་འོད་གསལ་སྒྲུབ་སྡེ་དང་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་བཞུགས། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་མང་པོ་གསར་དུ་བཞེངས།

འཇིགས་མེད་ཆོས་དབྱིངས་རྡོ་རྗེ་ནི་རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་ཡི་བུ་སློབ་ཞིག་ཡིན་ལ། ཉི་མ་གྲགས་པའི་སྤྲུལ་སྐུ་རིམ་བྱོན་གྱི་གདན་ས་ལྕགས་རི་ཉི་གྲགས་དགོན་དང་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་གི་ཉི་སྤྲུལ་སྐུ་ཕྲེང་བཞི་པ་ཡིན། 

Tendzin Trinle Wangchuk was the Fifth Nyitrul who was enthroned at Chakri Nyidrak and Takmogang, the seats of the Nyitrul incarnation.

Tubten Wosel Tenpei Nyima was the Sixth Nyitrul, an incarnation based at both Takmogang and Chakri Nyidrak monasteries.  He was a disciple of the Fifth Dzogchen Drubwang and a teacher to the Sixth Dzogchen.