The Treasury of Lives

དམུ་དགེ་བསམ་གཏན་རྒྱ་མཚོ་ནི་རིག་གནས་གསར་བརྗེ་ཆེན་པོའི་རྗེས་ཀྱི་མཁས་པ་མི་གསུམ་གྱི་ཡ་གྱལ་ཡིན་པས་སྙན་གྲགས་ཆེ་ལ། མཚན་འདི་ནི་བོད་ཀྱི་དུས་རབས་བཅུ་པའི་ལོ་རྒྱུས་སུ་གླང་དར་མས་དབུས་སུ་བསྟན་པ་བསྣུར་སྐབས་མཁས་པ་མི་གསུམ་གྱིས་བོད་ཀྱི་ཤར་ཁུལ་དུ་སངས་རྒྱས་ཀྱི་ཆོས་བསྣམས་ནས་བྲོས་ཡོང་པའི་ལོ་རྒྱུས་དེ་ལས་དྲངས་ཏེ་སྦྱར་པ་རེད། དེ་བས་ལོ་ངོ་ཉི་ཤུ་ལྷག་གི་ཆབ་སྲིད་ཀྱི་གོད་ཆགས་རྗེས་སུ་དམུ་དགེ་བསམ་གཏན་དང་། དུང་དཀར་བློ་བཟང་འཕྲིན་ལས། ཨ་ལག་ཚེ་ཏན་ཞབས་དྲུང་གསུམ་གྱིས་བོད་ཀྱི་དགོན་སྡེ་དང་སྐྱ་བོའི་སྡེ་ཡི་བོད་ཀྱི་ཤེས་རིག་སླར་གསོ་ལ་ནུས་པ་ཇི་འདྲ་ཞིག་ཐོན་པ་རྟོགས་ཡོང་། དེང་གི་རྒྱ་ནག་དང་ཕྱི་རྒྱལ་ཀྱི་བོད་རིག་པ་སྨྲ་བ་མང་ཆེ་བས་མཁས་པ་འདི་གསུམ་གང་རུང་ལས་སློབ་གཉེར་མཛད་མྱོང་པ་རེད། ཁོང་ནི་ཨ་མདོ་རུ་སྐུ་འཁྲུངས་ཤིང་། དམུ་དགེའི་བཀྲ་ཤིས་འཁོར་ལོ་དང་བླ་བྲང་དུ་མཁས་ཆེན་དུ་མ་ལས་ཐོས་བསམ་མཛད། དེང་རབས་སློབ་གསོ་ལ་སྤྲོ་ཆེ་ཞིང་། པེ་ཅིང་དུ་ཐེངས་གཉིས་ལ་ཕེབས་ཏེ་རྒྱ་ནག་གི་བོད་ཀྱི་སྐད་ཡིག་སྐོར་གྱི་སྲིད་ཇུས་གཏན་འབེབས་ལ་གཟིགས་རྟོགས་མཛད་མཁན་གྱི་གྲས་སུ་ཞུགས་པ་རེད།


Tsering Namgyal is a scholar in Xining.

Published April 2011

དཔྱད་གཞིའི་ཡིག་ཆ་ཁག།

Dmu dge bsam gtan rgya mtsho. 2009.Dmu dge bsam gtan gyi rang rnam rang gsal A dar sha. InRje btsun bsam gtan rgya mtsho dpal bzang bo'i gsung 'bum, vol.1, pp. 525 ff. Sichuan: Si khron mi rigs dpe skrun khang.

Ldong yon tan rgya mtsho. 2008.Bod kyi yi ge'i spyi rnam blo gsal 'jug ngogs kyi zur 'debs stong thun ngag gi lde mig. Qinghai: Mdo lha'i lnga rig dpar skrun khang.

Mkhas dbang dung dkar blo bzang 'phin las. 2004.Bod kyi chos srid zung 'brel skor bshad ba. Beijing: Mi rigs dbe skrun khang. p.13; 38.

གང་ཟག་འདིའི་གསུང་རྩོམ་ཁག་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་འཚོལ།