The Treasury of Lives

The Shechen Rabjam incarnation line was established in the eighteenth century when the Second Shechen Rabjam, Gyurme Kunzang Namgyel was recognized as the reincarnation of Tenpai Gyeltsen, who founded a small monastery called Shechen Orgyen Chodzon. The Second Shechen Rabjam relocated and expanded the monastery to form Shechen Tennyi Dargyeling.

Timeline

Biographies

ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དང་པོ་བསྟན་པའི་རྒྱལ་མཚན་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་དང་པོ་པདྨ་རིག་འཛིན་གྱི་སློབ་མ་དང་། སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཞིག་ཡིན། ཁམས་ཕྱོགས་སུ་བཞུགས། དབུས་གཙང་ཁུལ་དུ་ས་སྐྱ་དང་དགེ་ལུགས་པའི་གྲུབ་མཐའ་ལ་སློབ་གཉེར་གནང་། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་རྗེས་སུ་བཟུང་ཞིང་གཟིགས་པ་ཆེན་པོ་གནང་། ཁོང་གིས་ཕྱག་བཏབ་པའི་དགོན་པ་དེ་མཐར་ཞེ་ཆེན་དགོན་པར་གྱུར་བར་གྲགས། 

ཞེ་ཆེན་རབ་འབྱམས་སྐུ་ཕྲེང་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་ནུ་བོ་དང་སློབ་མ་ཡིན། ཁོང་གིས་ཞེ་ཆེན་དགོན་པའི་ཡན་ལག་ཕྱག་འདེབས་རྒྱ་བསྐྱེད་གནང་བར་དུས་ཕྱིས་དགོན་པ་དེ་ཉིད་སྔ་འགྱུར་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་དུ་གྱུར།

རིག་འཛིན་དཔལ་འབྱོར་རྒྱ་མཚོ་ཐུབ་བསྟན་ཉིན་བྱེད་ནི་ཞེ་ཆེན་རབ་འབྱམས་སྐུ་ཕྲེང་གསུམ་པ་ཡིན། ཁོང་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་གསུམ་པ་ཨ་ཏི་བསྟན་པའི་རྒྱལ་མཚན་གྱི་ཐུགས་སྲས་ཡིན།

ཞེ་ཆེན་རབ་འབྱམས་སྐུ་ཕྲེང་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་ནི་རྫོགས་ཆེན་གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཐུགས་སྲས་དང་། གནས་ངེས་ཅན་ལ་མ་བསྟེན་པར་ཀུན་ཏུ་རྒྱུའི་བརྟུལ་ཞུགས་ཁོ་ནར་འཛིན་པའི་གཏེར་སྟོན་ཞིག་ཡིན། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཞིབ་ཕྲ་ཆ་ཙམ་ལས་ལག་ཏུ་མ་སོན།

ཞེ་ཆེན་རབ་འབྱམས་སྐུ་ཕྲེང་ལྔ་པ་འགྱུར་མེད་ཀུན་བཟང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནི་རྫོགས་ཆེན་གྲུབ་དབང་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་རྣམ་གཉིས་ཀྱི་ཐུགས་སྲས་ཡིན།